R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༤
[A:༧༩༤]དང༌། རྗེས་སུ་སྔགས་འཆང་ཆེན་པོ་དང༌། འཇམ་མགོན་ཨ་མེས་ཞབས་ཀྱི་འཆམ་ཡིག་ལེ་ཚན་གྱི་དགོངས་དོན་བཞིན། སྐུ་འཆམ་རྣམས་ཡབ་རྗེ་སྐུ་མཆེད་སོགས་ལ་ཕུལ་བཞེས་དང༌། དགུན་གཞི་ཐོག་ཏུ་ཕེབས་ཏེ། མདོས་ཟབ་ཆོག་སྒྲིག་གཉེན་ཆས་སོགས་ཀྱི་སྔར་གྱོན་བཤེར་གྱི་གོ་ལོར་གོང་དམ་དང༌། འཆམ་ཆས་ཕུར་ཁང་སྒྲིག་ཐོ་བཅས་དང༌། ཁྲི་ཕེབས་ཞབས་བརྟན་མཚན་པོ་སོགས་ཀྱི་སྡུད་སྡོམ་སོགས་ཁུ་དབོན་རིན་པོ་ཆེ་དེ་ཉིད་ནས་མཛད་ཅིང༌། དངོས་གཞི་མདོས་ཟབ། ཤིང་སྤྲེལ་རྟ་ཟླ་གཟའ་ཚེས་དགེ་བ་ནས་ཁྲི་ཕེབས་གནང་ཚུལ་སོགས་གོང་གཅེན་པོ་ཀུན་དགའ་སྙིང་པོའི་རྣམ་ཐར་རྟོགས་བརྗོད་སྐབས་བཞིན་དང༌། དེ་ནས་ཤིང་སྤྲེལ་ཟླ་བ་གསུམ་པའི་ཟླ་མཇུག་ཁུ་དབོན་རིན་པོ་ཆེ་ཉིད་དང༌། གཟིམ་ཟུར་འཇམ་དབྱངས་བན་ཚང་པ་རགས་བསྡུས་རྟ་ནག་སྒྲོལ་ཕུག་ངོས་སུ་ཆིབས་བསྒྱུར་མཛད་རྒྱུར་མགོན་ཁང་རང་འདུས་ལ་ལམ་གཏོར་གནང་ཆིབས་བསྒྱུར་ཏེ། སྒྲོལ་ཕུག་དང༌། རྩེ་གདོང་སོགས་སུ་ཞག་ཤས་བཞུགས་ཐོག ཐོབ་རྒྱལ། འོ་ཡུག་ལ་རྒན་ནས། མར་རྐྱང། ན་ག་དཔལ་ལྡན་བྱང་ཡངས་པ་ཅན་ཟམ་གསར་ནས། འདམ་གཞུང་སོགས་འགྲོ་དོན་གང་ལ་གང་འདུལ་གྱིས་རིམ་པར་མཛད་ནས། གཡག་ར་འཁོར་ཆེན་ནས་རྭ་སྒྲེང་སྟག་ལུང་གནས་གཟིགས་གནང་བ་སོ་སོ་ནས་བསྙེན་བཀུར་འབུལ་ནོར་ཟབ་ཏུ་ཞུས་ཤིང༌། ལྷག་པར་སྟག་ལུང་མ་སྤྲུལ་མཆོག་ནས། ཐབ་བསུ་ཕེབས་བསུ་སྐུ་ངོ་རྣམས་ཕེབས་པ་སོགས་ཟབ་རྒྱས་ཞུ་གནང་གིས་ཕུར་དབང༌། བྱད་གྲོལ། ཕུར་བཟློག་སྲི་གནོན་སོགས་ཞབས་རིམ་