R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༨
[A:༧༩༨]གཞན་ཚོང་པ་རང་ཁ་བ་སོགས་ཀྱིས་གདན་ཞུས་དབང་སོགས་མཇལ་མང་སློབ་མི་འཁྱུད་པ་བྱུང་སྐད། གཞུང་གནས་སྔ་ཕྱིར་ཟུར་གསོལ་སོགས་ཁྱོན་ཆེ་བ་དང༌། ཡར་ལམ་ལྷོ་གནས་བརྒྱུད་ཕེབས་རྒྱུའི་རྟ་ཁལ་སོགས་ཀྱང་ཕོན་མི་ཆུང་བ་བསྩལ། དེ་ནས་རིང་མིན་གོང་ས་མཆོག་དང༌། སྲིད་སྐྱོང་བཅས་པར་ཐོན་ཕྱག་ཞུ་གནང་གིས། ཡེར་པ་དང༌། ཚལ་གུང་ཐང་སོགས་གནས་གཟིགས་ཀྱིས་རྒོད་ཀ་ལ་བརྒྱུད་བསམ་ཡས་སུ་མཁན་པོ་སོགས་ནས་བསུ་བ་སེར་ཕྲེང་རྒྱས་པ་དང༌། རབ་གྲྭར་དབང་སོགས་གང་དགོས་གནང༌། ལྷ་ཚེས་དང་བསྟུན་ཆོས་སྐྱོང་ཆེན་པོ་སྤྱན་འདྲེན་སྐུ་ཕེབས་ལ་རྒྱལ་བསྟན་སྤྱི་སྒོས་སྲུང་སྐྱོབ་སོགས་ཀྱིས་བཀའ་བགོ་བར་མཛད་པར། ཇི་ལྟར་གསུང་བ་བཞིན་ཐ་ཚིག་ཀྱང་ཕུལ་ཞིང༌། ཕྱག་མདུང་ཞིག་ཀྱང་འབྲལ་མེད་སྲུང་སྐྱོབ་ཀྱི་རྟེན་དུ་ཕུལ། དེ་ནས་བསམ་ཡས་མཆིང་ཕུ་གཡའ་མ་ལུང་སྔ་དུས་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་ཕྲུག་དབུས་གཙང་མི་བདུན་གྲས། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱི་སྐུ་གདུང་བཞུགས་པར་གྲགས་པའི་གློ་བོ་རོན་སྟེང་ཞེས་པ་དང༌། རྩེ་ཐང་འབྲས་གླིང༌། ཡར་ཀླུང་རྟེན་གསུམ་གནས་གསུམ་པ་དགོན་བཀྲ་ཤིས་ཆོས་སྡེ། དེ་ནས་རིམ་བཞིན་གྲ་ཕྱི་ནང༌། མདོ་ཆོས། རྣམ་རབ། ར་སྨད། གོང་དཀར། དེ་ནས་གམ་ལ་བརྒྱུད་ནས་ཡར་འབྲོག་ཐར་ཆོས། རྒྱལ་རྩེ་གུར་གྲ་རྣམས་ལ་གནས་གཟིགས་མཆོད་ཚོགས། མང་འགྱེད་སོགས་རིམ་གནང༌། རྒྱལ་རྩེ་རྫོང་འདུ་ནས་དམག་ཟློག་གཏོར་བཟློག་མང་ཞུས་ཀྱིས་རྟ་ཟླའི་མཇུག་ཙམ་ལ་སྤ་ནམ་གཞིས་རྩེ་ཤབ་སོགས་