R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༧༩༩
[A:༧༩༩]བརྒྱུད། ཤིང་བྱ་དབོ་ཟླའི་ནང་ཐབ་བསུ་གཞུང་སྒེར་ནས་འཚམས་འབུལ་བར། ངོས་རང་སོགས་བཀའ་འབྲེལ་བཞིན་ཞབས་བཅར་ཞུས། སྒྲོལ་ཕོ་དང་ཉེ་བར་སེར་ཕྲེང༌། རྩེ་ནས། དུང༌། རྒྱ་གླིང༌། དྲུང་རིགས་རྣམས་ཀྱིས་མཇལ་དར་སོགས་སྔོན་ལམ་བཞིན་ཕུལ་ནས། གཅེན་པོ་རིགས་བརྒྱའི་ཁྱབ་བདག་མཆོག་གིས་སྤྱན་སྔར་མཇལ་དར་དང་བར་ལམ་སོགས་ཀྱི་བཀའ་མོལ་གྱིས་དུས་འདའ་བའི་སྐབས་སོ། །འདི་ལམ་འཆམ་གཟིགས་སྐབས་གནོད་སྦྱིན་ཆེན་པོར་གཏང་རག སྟག་དོང་གཟིག་ཤུབ་གསར་བསྐྲུན་འདི་བཞིན་བསྩལ་ཞིང༌། དབྱར་ཐོག་ཡར་ཀླུངས་དབོན་སྤྲུལ་མཆོག་ལ་གསེར་ཆོས་སྐོར་སོགས་ཀྱི་དབང་ལུང་མང་དུ་བསྩལ་ཏེ། ཁུལ་འདིར་མོ་རིམ་ཆར་འབེབས་རབ་གནས་སོགས་ཐུགས་གཞོལ། མེ་ཁྱི་ལོ་ངོས་རང་ནས་ཁྲལ་འཇལ་གསུང་ངག་བཀའ་བཞིན་ཐོག་མར་བྱེད་སྐབས། དེ་སྐོར་གྱི་ཕྱག་ལེན་རྣམས་ཡབ་སྐུ་མཆེད་གཉིས་ཆར་ནས་སློབ་གནང་སོགས་དང༌། མེ་ཕག་དབུས་ཕེབས་སུ་ཡབ་རྗེ་སྐུ་མཆེད་གཉིས་ཆར་ཆིབས་བསྒྱུར་བསྐྱངས་ཚུལ། གོང་ཡབ་རྗེ་མཆོག་གི་རྣམ་ཐར་དུ་ཞིབ་པར་སོང་བཞིན་དང༌། ས་བྱི་ལོ་གཞུང་གནས་ནས་བསྟན་སྲིད་ཞབས་བརྟན་དུ་འདི་ག་ཡབ་རྗེ་སྐུ་མཆེད་གཉིས་ཆ་ལ་ལྷ་མོ་རིག་བྱེད་དབང་སྒྲུབ་གནང་དགོས་ཕེབས་པ་བཞིན་རྗེ་ཉིད་ནས་དྭགས་པོ་པཎྜི་ཏས་ཆོས་སྐོར་དངོས་གྲུབ་འབྱུང་གནས་བཞིན། སྔོན་དངོས་རྗེས་གསུམ་ཚང་བར་གནང༌། འདི་སྐབས་སྡེ་དགེ་ས་སྤྱོད་དཔོན་འཁོར་རྣམས་འདིེར་ཕེབས། སྔར་དུས་མདོས་ཟབ་མང་རྗེ་ཉིད་བཅད་རྒྱར་བཞུགས་པས་ཚོགས་