R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༠
[A:༨༠༠]ཕེབས་སོགས་མ་གནང་ཞིང་ཡབ་རྗེ་མཆོག་ཕྱག་རོལ་དང༌། གཞན་རྣམས་ཕེབས་མཁན་མེད་སྟབས། ངོས་རང་ནས་དུས་མདོས་སློབ་དཔོན་ཐོག་མ་བགྱིད་སྐབས་སྙེམས་ཆས་གྱོན་ཆས་སོགས་ཀྱི་འཆམ་གྱི་འགན་ཡང་ཁེལ་བྱུང༌། འདི་ལོ་ཁུ་དབོན་རིན་པོ་ཆེ་ཉིད་མང་ཡུལ་བྱམས་སྤྲིན་གཞུང་པའི་ཞབས་རིམ་དམག་བཟློག་སོགས་འགྲུལ་ཕེབས་དགོས་པའི་གསེར་གྱི་བཀའ་ཡིག་རྟ་ཁལ་ཕེབས་སྒྲིགས་ལམ་ཡིག་བཅས་ཕེབས་པར་ཟླ་བ་ལྔ་པར་ཕྱག་མཛོད་འཇམ་དབྱངས། རྒྱ་དཔོན་སོགས་བན་ཚང་པ་རགས་འདུས་བཅས་ཆིབས་བསྒྱུར་ཏེ། ཡར་ལམ་དིང་རའི་བཞུགས་མདའ་སོགས་ཀྱིས་ཞུས་ངོར་ཕུར་བཟློག་སྲི་གནོན་སོགས་མང་གནང་གིས་མཉལ་ལམ་སོགས་ནས་སྐྱིད་རོང་གི་མང་ཡུལ་བྱམས་སྤྲིན་ཞེས། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཏབ་པའིི་བོད་ཀྱི་རུ་གནོན་གྱི་གཙུག་ལག་ཁང་དེ་ཉིད་དུ་གདུགས་དཀར་མདོས་ཆེན་ཕུར་བཟློག་སྲི་གནོན་སོགས། ཞབས་རིམ་མང་དག་དགོས་པ་གནད་སྨིན་གྲུབ་ནས། སྐྱིད་རོང་ཇོ་བོ་གླ་གར་རྩིབ་རིང་སོགས་ལ་ཡང་གནས་གཟིགས་ཀྱིས་མཚོ་སྒོ་ནས་རིམ་བཞིན་རྨ་གཞིས་ནས་འདི་གར་ཟླ་བ་བརྒྱད་པའི་ནང་ཕེབས། དགུན་བཞུགས་གཞི་ཐོག་ཏུ་གནང་སྟེ་ལྷ་མོ་རིག་བྱེད་ཀྱི་བསྙེན་སྒྲུབ་ཀྱི་འཇུག་ལས་སྦྱོར་རིགས་རྣམས་མཛད་དེ། ནག་ཟླར་ཡོངས་རྫོགས་གྲུབ་ཏེ། ཡབ་རྗེ་སྐུ་མཆེད་གཉིས་གཞི་ཐོག་རྩེར་ལྷ་བསངས་དང༌། ངོས་ནས་ཞབས་བརྟན་འབུལ་བར་ཕྱིན། འདི་སྐབས་ངོས་རང་སྐུ་རིམ་ཆེན་མོའི་ཟོར་འཛིན། མ་ཡུམ་མཆོག་རྩེ་ཕྱག་ཏུ་བཞུགས་སོང༌། དེ་ནས་སྒྲོལ་ཕོར་ཕེབས། ངོས་