R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༣
[A:༨༠༣]བ་མཛད་ཚུལ་ཟེར། གཞན་གྱི་རྟགས་མནལ་ལམ་འོད་གསལ་སོགས་སུ་ཡང་གཟིགས་སྣང་མང་དུ་བྱུང་བ་གཞིར་གྲུབ་ཀྱང༌། གསལ་བར་མི་གསུངས་པ་རྒྱུན་དུ་སྦས་ཚུལ་ཁོ་ན་གནང་ཞིང༌། དེ་ལྟ་བུའི་བསྙེན་མཚམས་ཐོན་རིང་གི་མངོན་རྟོགས་བདག་བསྐྱེད་བཟླས་པ་སོགས་རྒྱུན་པར་ནམ་ཕྱི་མོའི་བར་དུ་ཐུགས་དམ་ཉམས་བཞེས་ཆག་མེད་གནང༌། ཡི་དམ་ཆོས་སྲུང་རྣམས་ལ་གཏོར་བསྔོ་བསྐང་འཕྲིན་སོགས་རྒྱུན་པར་རང་མ་གྲུབ་ཀྱང༌། བརྒྱད་གཉིས་བཅུ་བཞི་གཉིས་སོགས་ལ་ཆག་མེད་གནང་སྲོལ་དང༌། གཞན་གདུལ་བྱ་རྣམས་གང་ལ་གང་གདུལ། ཕྱག་མོ། སྲུང་བ། རྐྱེན་སེལ་དབང། བཀའ་བསྒོ། བྱིན་རླབས་སོགས་དང༌། དབྱར་དུས་ཆར་འབེབས། རྩ་སད་འབུ་སྲུང༌། རླུང་གནོན་གང་ལ་དགོས་པ་དེ་རྣམས། དངོས་འབུལ་སོགས་ལ་མི་གཟིགས་པར་ཞུས་མ་ཐག་པར་གནང་བ་སོགས། ཕྱག་མོ་གང་གསུངས་ཕལ་ཆེར་ཚད་མར་འོང་ཞིང༌། ཆར་འབེབས་སོགས་གོང་དུ་ཡང་ཅུང་ཟད་སོང་བ་དང༌། ལྷ་ལྡན་དུ་ཆར་འབེབས་གནང་བར་ཀླུ་སྦུག་སོགས་སུ་ཕེབས་དགོས་པ། རྒྱ་དཔོན་ཨམ་བན་ནས་ཀྱང་ཀླུ་ཁང་སོགས་ལ་ལྕགས་ཐག་གཡོགས་ཏེ། ཆར་འབེབས་ཡིན་ཁུལ་བྱེད་པར་དབུས་ཕེབས་སོགས་ཀྱི་ས་སྐྱ་པ་ཕེབས་མིན་ཀྱང་ནོན་གྱི་ཕེབས་པ་ཤེས་ན་ཁོ་ཡང་འགྲོ་བ་ཆར་མི་བབས་པ་མི་སྲིད་ཅིང་མར་ཕེབས་སྐབས། ཆིབས་སྟེང་ཆར་བརྡུང་རེ་མ་བྱུང་བ་མེད་པ་ལྟ་བུ་བརྗོད་པ་སོགས་གདོན་གདུག་པ་ཅན་གྱིས་ཟིན་པ་མང་པོ་ཡང་དེ་ལས་གྲོལ་བའི་ལོ་རྒྱུས་མང་དུ་ཡོད་པ། མདོར་ན་མཁྱེན་ནུས་སེམས་ཅན་