R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༤
[A:༨༠༤]རེ་རེའི་རྒྱུད་ལ་ཐར་པ་དང༌། ཐམས་ཅད་མཁྱེན་པའི་ས་བོན་བཏབ་སྟེ་ཐམས་ཅད་ཀྱང་མངོན་མཐོ་ངེས་ལེགས་ལ་འགོད་པར་མཛད་ནས་མཐར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ཚུལ། ཤིང་རྟ་དབོ་ཟླའི་ནང་སྒྲོལ་ཕོར་བཞུགས་ཐབ་ཕེབས་ནས་སྒྲོལ་དཀར་བཀའ་བབས་དགུ་ལྡན་གྱི་རྗེས་གནང་ཞིག་ལས་གསན་ཐོར་མེད་ཀྱང༌། སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཚར་ལུགས་ཀྱི་བསྙེན་སྒྲུབ་ཞིག་གནང་བར་སྐུ་མཚམས་མ་གྲོལ་བར་ལ་ཞབས་འབམ་དང་ཆབ་ཆུ་སོགས་མཐའ་མའི་སྙུན་གཞི་འགོ་ཟུག་ཅིང༌། དེ་ནས་ཞབས་བརྟན་སྐུ་རིམ་རྒྱ་ཆེར་གནང་སོང་ཡང༌། སེམས་ཅན་ལས་ངན་སྤྱོད་པ་ལ། །སངས་རྒྱས་ཀྱིས་ཀྱང་ཅི་བྱར་ཡོད། །གསུངས་པ་ལྟ་བུའི་དུས་དབང་སེམས་ཅན་རྣམས་བསོད་ནམས་དམན་ཞིང༌། ས་བསྟན་འདི་ཉིད་རང་གི་སྐུ་གེགས་བཟློག་མེད་ཀྱི་རྣམ་པས། ཉིད་ཀྱི་དགུང་གྲངས་སུམ་ཅུ་སོ་བདུན་པ་ཆུ་སྟོད་ཟླ་བའི་ཚེས་དྲུག་སྲོད་ཡོལ་ཙམ་ལ། ཉི་ཟླའི་རླུང་ངྷུ་ཏིར་འདུས་ཏེ་འདའ་ཁ་མའི་རྣམ་འབྱོར་གྱི་དཔའ་བོའི་ཚོགས་དཔོན་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཡུད་ཀྱིས་གཤེགས་པ། ཚང་མ་སེམས་མྱ་ངན་གྱི་ཁུང་བུར་ཚུད་དེ་འདི་བྱ་འདི་བྱེད་བྲལ་ཡང་ཡབ་རྗེ་མཆོག་སོགས་ནས་གང་གི་གསོལ་འདེབས་དགོངས་རྫོགས་སྐོར་བཀའ་བཀོད་དང༌། ཐུགས་དམ་གསལ་འདེབས་པ་ལྷ་ཆེན་མཁན་ཁྲི་དཔལ་བཟང་འཕྲིན་ལས། ཆོས་ལྷོ་འདུས་ཚོགས་རེ་མོས་ཀྱིས་བླ་མཆོད་པ་བཞི་གྲྭ་སོགས་དགུང་ཞག་ནམ་རྫོགས་བར་གནང་ཞིང༌། ཚེས་བཅུ་གཉིས་ལ་སྐུ་གདུང་སྤུར་ཁང་དུ་སེར་ཕྲེང་མཆོད་ཚོགས་རྒྱས་པ་དང་