R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༠༩
[A:༨༠༩]དེ་མཚུངས་པར་མེད་པའི་གྱི་ན་བདག་གི་བྱུང་ཚུལ་ཅུང་ཟད་གཤམ་དུ་འབྱུང་ཞིང༌། མཆེད་ཟླ་གདུང་སྲས་གསུམ་དང༌། རྗེ་བཙུན་གཉིས་ལས། དང་པོ་གདུང་སྲས་ངག་དབང་ལྷུན་གྲུབ་རྒྱལ་མཚན་ནི། འཛིན་བྱེད་ཀྱི་ཁྲུམས་ཟླའི་ཚེས་བདུན་ལ་འཁྲུངས་ཤིང༌། གཞོན་ནུ་ནས་ཀློག་ཡིག་སོགས་ཡབ་མེས་ཀྱི་ཆོས་རྣམས་ལ་སྦྱངས་པ་སོགས་མཛད། ངོས་ཁྲིར་ཕེབས་ཆེན་མོའི་སྐབས་ཆོས་ཁྲི་ཆེན་མོའི་མདུན་དུ་ཆོས་གསན་གྲངས་སུ་ཕེབས་ཤིང༌། ཟླ་དེའི་རྒྱུན་འདོན་དང་རིམ་བཞིན་ཕུར་སྒྲུབ་སོགས་ལ་འཕྲལ་ཆོས་རྣམས་ཕལ་ཆེར་གནང་ཐོག མེ་ཁྱི་ལོར་ངོས་རང་ནས་བཀའ་འབྲེལ་གསུང་ཐོག་མར་འཆད་སྐབས། ཆོས་སྡེ་ལྷོ་བྱང་སྒྲིག་གཞོན་གཞི་གྲྭ་རྣམས་དང་ཟུར་སྦུག་ལྷ་འདྲི། རྒྱ་སྒེག་སོགས་ཀྱི་གྲྭ་རྒྱུན་ནང་ཆེན་བླ་གྲྭ་སོགས། སློབ་མ་གྲངས་འབོར་བརྒྱ་དང་བདུན་ཙམ་གྱི་གཙོ་བོར་གདུང་གཅུང་པོ་ངག་དབང་ལྷུན་གྲུབ་རྒྱལ་མཚན་ཉིད་བཅས་པར། སྣང་རྒྱུད་ཁྲིད་ཡིག་གསུང་ངག་ཆོས་འབྱུང་ཁོག་ཕུབ་དམ་ཚིག་དང་ཕྱི་ནང་བསྐྱེད་རིམ་གྱི་བཤད་པ་སོགས་སྒྲོ་འདོགས་བཅད་དེ། སེམས་བསྐྱེད་ཆེན་པོ་ཟབ་མ་གོས་སྐུ་གོས་ཡོལ་སོགས་དང་བཅས་ཕུར་ཁང་དང༌། དེ་རྗེས་སློབ་མ་རྗེས་འཛིན་ཁ་གསོའི་བསྙེན་པ་རྒྱུད་དབང་ཟབ་མ་ལམ་དབང་བདག་མེད་མའི་བྱིན་རླབས། ལམ་ཟབ་ཕྱི་ནང་དང༌། རྟེན་འབྲེལ་སྲུང་བ་བཅས་ཀྱི་བྱིན་རླབས་སྣང་གསུམ་སྐབས། བླ་མ་རྒྱ་བོད་ནས་བཟུང་བླ་མ་བརྒྱུད་པ་ཕལ་ཆེ་བའི་རྣམ་ཐར་རྣམས་ཀྱི་ལུང་དང༌། གཞན་ཡང༌སྒྲུབ་ཐབས་བརྒྱ་རྩ། རྗེས་གནང་ཟུར་བཀའ། ལོ་གྱོན་མ་སེར་མོ།