R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༠
[A:༨༡༠]འཇམ་དབྱངས་དམར་སེར། འཇམ་དཀར། སྨྲ་སེང༌། གསེར་ཆོས་འཇམ་ནག་གནད་བཅུ་གཅིག་གི་ལུང་དང་བཅས་པ། རྟ་ནག་ལྕགས་རལ་ཅན། ཇོ་ལུགས་སྒྲོལ་མ་ཉེར་གཅིག རྟ་ཕྱག་ཁྱུང་གསུམ། རྣམ་རྒྱལ་རྣམ་འཇོམས། སྨན་བླ་མཆེད་བདུན། ཁྲོ་མོ་སྨེ་བརྩེགས། སེང་གེ་སྒྲ། སྤྱན་རས་གཟིགས་བཅུ་གཅིག་ཞལ་སོགས་ཀྱི་རྗེས་གནང༌། གུར་མགོན་ཁྲོ་བཅུ་ལྷ་བརྒྱད། ཞལ་བཞི་བསྙེན་དུས། དུར་བདག དཀར་བདུད། དབང་ལྷ་སྐོར་གསུམ། མགོན་དཀར། ཛམ་སེར་ནག གྲ་སྔོན་ཛམ་དམར། ཚེ་རྟ་ཟུང་འབྲེལ་གྱི་དབང་སོགས་བྱས། ལུང་ལ་རྡོ་རྗེ་ཕུར་པ་མངོན་རྟོགས་རྒྱས་པ། དེའི་དཀྱིལ་ཆོག དགེས་རྡོ་རྗེ་སྔོན་དཀྱིལ། ལྷ་ཆེན་ཆོས་སྤྱོད་རབ་གསལ། བརྒྱུད་འདེབས་ཆེན་མོ། ཀུན་རིག་དང༌། ཚེ་དབང༌། གཏོར་མ་བརྒྱ་རྩ། བརྒྱ་བཞི། འབྱུང་བཞི་གཏོར་མ། སེང་སྒྲའི་ཆོ་ག། བསྟན་པ་གསོ་ཆོག གཏོར་བསྔོ་ཆེན་མོ་བསྐང་བ་འགོ་ལུགས། བསྟོད་སྙིང༌། དྲུག་ཅུ་མ། ཕུར་བཟློག ཞལ་གྱི་གཏོར་བཟློག བསམ་དོན་ཀུན་འགྲུབ། རྒྱ་གར་ཤེར་བསངས། ཀུན་བློས་མཛད་པའི་སྨན་བླའི་མདོ་ཆོག རྩ་རྒྱུད་བརྟག་གཉིས། སྡོམ་གསུམ་རབ་དབྱེ་སོགས་མང་དག་གི་ལུང་སོགས་བགྱིས། གསུང་ངག་ཁྲིད་སོགས་ཁོ་བོ་ལ་ཉམས་མྱོང་གི་སྒོ་ནས་འཆད་རྒྱུ་མེད་ཀྱང༌། སྣང་རྒྱུད་དང་རྣམ་བཤད་ཁོག་ཕུབ་རྣམས་ཡབ་མེས་གོང་མའི་ཕྱག་ལེན་བཞིན་ཐམས་ཅད་བློ་ལ་བཟུང་སྟེ་གོ་མི་བདེ་རིགས་སོགས་ལ་ཚིག་བཤད་གང་ཤེས་ཀྱིས་བགྱིད་ཁུལ་