R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༡
[A:༨༡༡]བྱས་གསུང་ངག་གྲོལ་ནས་ཕུར་དབང༌། ཀུན་རིག་སོགས་ནི་ཡབ་རྗེ་རྡོ་རྗེ་འཆང་ནས་བསྩལ་ཞིང༌། དེ་ལོ་སྟོན་དགེས་རྡོར་གཞིས་བསྙེན་སོགས་མཛད་པ་ཞབས་བརྟན་ལྷ་ཁང་དུ་གནང་ཞིང༌། སྔ་ཕྱིར་སྔོན་ལམ་རྒྱུགས་སྤྲོད་ཁག་དང༌། ཕུར་སྒྲུབ་བཤད་ལས་ལས་རིམ་ཕར་ཆེར་ཡབ་མེས་གོང་བཞིན་མཛད་ཀྱང་སྐུ་རླུང་གི་སྙུན་གཞི་ལྟ་བུས་ཞལ་བཞི་པའི་སྒྲུབ་བསྙེན་འཕྲོ་ཅན༌དང་། གཏོར་བཟློག་ཟོར་འཕེན་སོགས་ནི་གནང་མ་ཐུབ་ཅིང༌། སྒྲུབ་མཆོད་ཁག་གཅིག་དང་དུས་མདོས་སློབ་དཔོན་ལན་གཅིག་མཛད་ཅིང༌། ཕུར་སྒྲུབ་ལམ་འབྲས་སོགས་ནི་མ་གནང་ངོ༌། ། རྒྱུན་ཚོགས་རྣམས་ལ་ཐོར་ཙམ་ཕེབས་ཤིང༌། བན་ཚང་པའི་ཚེས་མཆོད་བྱང་གཏེར་ཐུགས་སྒྲུབ་ཚེས་བཅུ་དང༌། བྲག་དཀར་བསྐང་གསོ་སོགས་ལ་རྟག་པར་ཕེབས། བར་ལམ་རྩེ་གེར་གཞི་སྡོད་བཅས་ཁ་འཛིན་ཞུ་གནང་གིས་གཉེར་ཟུར་ཀུན་བཟང་བཅས་ཤིང་ལུག་ལོ་ནས་རྩིས་བཞེས་ཀྱིས་ཕལ་ཆེར་རྩེ་བླར་བཞུགས་ཐོག བྱང་གཏེར་ཐུགས་སྒྲུབ་ཚེས་བཅུ་གདན་ས་འདི་ཉིད་ཀྱི་ཕྱག་ལེན་བཞིན་རྩེ་ཆོས་བན་ཚང་པ་རྣམས་ལ་གསར་འཛུགས་མཛད་དེ། རང་ཉིད་ཀྱང་ཕེབས་ཤིང་གཞན་ཚོགས་ཕེབས་སློབ་དཔོན་སོགས་མཛད་སྐད་ཐོས་ཤིང༌། མཚམས་རེ་འདི་གར་སྒྲོལ་སྟེང་དང་སྒོ་སྤེལ་སོགས་སུ་ཕེབས་ཏེ་གང་འཚམ་བཞུགས་པ་སོགས་ཡར་མར་ཕེབས་ཤིང༌། མེ་རྟ་ལོར་ས་སྐྱར་ཕེབས་ཏེ་སླར་ཡང་ཉེ་ལམ་རྡོ་རྗེ་ཐེག་པ་ལ་བརྟེན་ནས་འགྱོགས་བྱེད་ཕོ་ཉའི་ལམ་གྱིས་བདག་གཞན་བཀྲི་བར་དགོངས་ཏེ། འབྲས་རྫོང་ནས་གསང་ཡུམ་དེ་ཉིད་དང་བཅས་སླར་རྩེ་