R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༥
[A:༨༡༥]དབང༌། གསང་དབང་སྔོན་འགྲོ་བདག་མེད་མའི་བྱིན་རླབས། འདུས་པ་ཐོག་མཐའ་བར་གསུམ་གྱི་ཁྲིད་དང༌། ལམ་ཟབ་ཕྱི་ནང་དང༌། རྟེན་འབྲེལ་སྲུང་བའི་བྱིན་རླབས། སྒྲུབ་པ་ལུང་སྦྱིན། གསང་བཅུའི་ས་འདེབས། གསུང་ངག་གླེགས་བམ་པོད་སེར་མའི་ལུང་སོགས་ཕུལ། གཞན་ཡང་སྤྱི་བཀའ་བ་རི་བརྒྱ་རྩའམ་སྒྲུབ་ཐབས་བརྒྱ་རྩའི་ལྷ་ཚོགས་རྣམས་ཀྱི་རྗེས་གནང༌། རྗེས་གནང་ཟུར་བཀའ། ལོ་གྱོན་མ། རྣམ་རྒྱལ་རྣམ་འཇོམས། སེང་གེ་སྒྲ། སྨན་བླ་མཆེད་བདུན། ཕྱག་ན་རྡོ་རྗེ་འབྱུང་འདུལ། གུར་དྲག་རྟ་ཕྱག་ཁྱུང་གསུམ། བཅུ་གཅིག་ཞལ། སྨེ་བ་བརྩེགས་པ། ཐུབ་དབང་གནས་བཅུ་རྣམས་ཀྱི་རྗེས་གནང༌། གུར་མགོན་ཁྲོ་བཅུ། ལྷ་བརྒྱད། ཞལ་བཞི་བསྙེན་དུས། དུར་བདག དཀར་བདུད་རྣམས་ཀྱི་རྗེས་གནང་གྲྭ་ཚང་ཅན་དང། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་རྣམ་སྲས་རིགས་ཅན་བཅོ་ལྔ། དམར་པོ་སྐོར་གསུམ། གྲ་སྔོན་ཛམ་དམར། ཛམ་སེར་ནག་སོགས་ཀྱི་རྗེས་གནང་སོགས་དང༌། ལུང་ལ་ཆོས་སྤྱོད་རབ་གསལ། བརྒྱུད་འདེབས་ཆེན་མོ། རྩ་རྒྱུད་བརྟག་གཉིས། དགེས་རྡོར་མངོན་དཀྱིལ། རྡོ་རྗེ་ཕུར་པའི་སྒྲུབ་ཐབས་རྒྱས་བསྡུས། ཕུར་དཀྱིལ། ཀུན་རིག ཚེ་ཆོག་རྣམས་ཀྱི་མངོན་དཀྱིལ། གཏོར་མ་བརྒྱ་རྩ། ཆབ་ཀླུ། འབྱུང་བཞི་གཏོར་མ། བརྒྱ་བཞི། སེང་སྒྲའི་གདོན་སྒྲོལ་ཆོ་ག རབ་གནས་དོན་ལྷུན་མ། གུར་དྲག་འཕྲིན་གཞུང༌། གཏོར་བསྔོ་ཆེན་མོ། བསྐང་གསོ་འགོ་ལུགས། ཆོས་ཉིད་མ། བསྟོད་སྙིང༌། བསྐང་བ། ཕུར་