R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༦
[A:༨༡༦]བཟློག དྲུག་ཅུ་མ། བསངས་དཔེ་ཆེན་མོ། རྣམ་རྒྱལ་སྟོང་མཆོད། རི་ཁྲོད་མ་དང༌། རྣམ་འཇོམས་བུམ་ཆོག གཏོར་ཆེན་རྣམས་ཀྱི་ལུང་སོགས་ལྷ་སྤར་བཞིན་དང༌། གྲོལ་ཉིན་ཚེ་དབང་གྲུབ་རྒྱལ་མ། དེ་ནས་ཕུར་དབང་སྟོད་ལས། སྨད་ལས། ཐམས་ཅད་རིག་པ་དང༌། ཚེ་དཔག་མེད་ལྷ་དགུའི་དབང་ཆེན་སོགས་ཕུལ། ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད་དྲུང་ནས་སྔ་ཕྱི་ཆོས་གསན་པ་རྣམས་རགས་ཙམ་བཀོད་ན། ཡབ་རྗེ་རྡོ་རྗེ་འཆང་ལས་གོང་དུ་བརྗོད་པ་བཞིན་ཕུར་དབང་སྟོད་ལས་བྱང་ཆུབ་སྒྲུབ་དབང་དང༌། སྨད་ལས་དྲག་པོ་སྒྲོལ་དབང༌། སྣུབས་ལུང་བྱད་གྲོལ། ཚེ་དབང་བླ་མ་ཞི་ཁྲོ། རྟ་ཕྱག་ཁྱུང་གསུམ། རྟ་མགྲིན་ཡང་གསང་དབང་ལེ་ལག་བཅས། རྩི་དམར་སྲོག་གཏད། དམར་པོ་སྐོར་གསུམ་ལོགས(སོགས)གསན། ཁུ་དབོན་རིན་པོ་ཆེ་གསང་བའི་བདག་པོའི་དྲུང་ནས། ཚེ་དབང་དང༌། མགོན་དཀར་དང༌། རིག་བྱེད་མའི་དབང༌། འབྱུང་འདུལ་རྗེས་གནང་སོགས་གསན། དེ་ནས་རིང་མིན་ཤིང་ལུག་དགུན་དགེས་རྡོར་གཞི་བསྙེན་དཔོན་སློབ་བསྟན་པ་རིན་ཆེན་བཅས་སྒྲོལ་སྟེང་ཡབ་རྗེ་པད་འདུལ་གྱི་གཟིམ་ཕུག་ཏུ་གནང་ཞིང༌། མེ་སྤྲེལ་ལོར་གཏོར་བཟློག་ཁག་སོགས་བསྙེན་སོང་རྒྱུགས་སྤྲོད་རིགས་གནང་ཞིང༌། ལོ་དེའི་དགུན་དབུས་ཕེབས་སུ་ཕེབས་ཚུལ་གོང་ཡབ་རྗེ་མཆོག་གི་རྣམ་ཐར་སྐབས་བཞིན་དང༌། དེ་ནས་ས་ཕག་ལོར་འཇམ་དབྱངས་ས་པཎ་གྱི་ཆོས་ཁྲི་འདི་ལ་ཡབ་མེས་གོང་མ་རྣམས་ཁྲི་འདོན་གྲུབ་ན་མ་གཏོགས་བཞུགས་སྲོལ་མེད་ཅིང༌། གལ་ཏེ་ཁྲོམ་དབང་སོགས་