R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༧
[A:༨༡༧]གནང་དགོས་སྐབས་ཆོས་ཁྲིའི་མདུན་དུ་ཁྲི་དང་ཁད་མཉམ་པའི་འབོལ་བརྩིགས་ཏེ་གནང་སྲོལ་ཡང༌། དེ་ཉིད་བཀའ་གྲོལ་བ་ཡིན་ཤག་ལ་ཁྲི་ཁར་བཞུགས་ཏེ། དབང་གནང་བ་སྐད་ཙམ་ལ་ཡབ་རྗེ་རྡོ་རྗེ་འཆང་དག་ཞིང་དུ་ཕེབས་པ་གསན་འཕྲལ་འཕྲོ་འཇོག་གནང་དགོས་སོགས། འགྲོ་མགོན་དབང་སྡུད་སྙིང་པོའི་རྣམ་ཐར་ཞལ་གསུང་མར། ལུགས་མི་རྒྱུག་པའི་སྒོ་གཅིག་དེ་ནས་དོད། ཅེས་སོགས་གསུངས་པ་ལྟར་དེ་བཞིན་ཆོས་ཁྲིར་ཁྲོམ་དབང་ཐོག་མ་བཅས། འཕྲལ་ཕུགས་ཀྱི་རྟེན་འབྲེལ་ཤིན་ཏུ་ཉེས་པ་ཞིག་བྱུང་སོང༌། དེ་ནས་ལོ་གཅིག་ཁྲི་པའི་ལས་མཇུག་ལོ་གཅིག་ཞུ་གནང་གིས་ངེས་བསྐྱོད་བྱ་དགོས་རྣམས་ངོས་རང་སུ་བྱུང་ནས་བྱས། འོན་ཀྱང་ཕུར་སྒྲུབ་དུས་མདོས་སློབ་དཔོན་སོགས་དཀའ་ལས་ཁག་པ་རྣམས་ཕལ་ཆེར་ངོས་ཀྱིས་བྱས། འདི་ལོ་གདུང་སྲས་གཅུང་པོ་ཉིད་ནས་ཕུར་སྒྲུབ་བཤད་ལས་གནང་བ་ཟབ་མའི་སློབ་དཔོན། ངོས་དང་དབུ་ཆེ་བསོད་བཟང་ནས་བྱས། དེ་ནས་གུར་མགོན་གྱི་དབང་ལུང་ཁྲིད་གསུམ་སློབ་དཔོན་ལ་དམར་བསྟན་པ་རིན་ཆེན་ནས་ཕུལ་ཞིང༌། ཞལ་བཞི་པའི་ཆོས་སྐོར་རྣམས་བདེ་གླིང་དབུ་བྱེད་ཆོས་ཕུན་ཚོགས་ནས་ཕུལ་ཚོད་བཅས། ལས་རིམ་རྣམས་རིམ་པར་ཐོགས་མེད་གནང་སོང་ཞིང༌། གྲུབ་མཚན་སོགས་ཡོང་བ་གཞིར་གྲུབ་ཀྱང་གོ་ཐོས་ཆེར་མ་བྱུང༌། དེ་ནས་ལྕགས་གླང་ལོ་ནང་གདུང་སྲས་འཇམ་བཟང་མཆེད་དངོས་དབང་མ་ཡུམ་མཆོག་བཅས་ལྷ་ལྡན་དུ་ཕེབས་ཏེ། བཞུགས་མཚེར་རྡོ་རིང་དུ་ལོ་གཅིག་ཙམ་བཞུགས་ཤིང༌། གཞུང་ས་མཆོག་ནས་གདུང་སྲས་རྣམས་