R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༨
[A:༨༡༨]ལ་ཐོབ་པའི་སྣེ་ཤན་རྩེ་དྲུང་དུ་ད་ལྟའི་མཁན་མགྲོན་ཆེན་མོ་བ་སེ་གྲོང་གཡུལ་སྨད་པས་ཟུར་བཟོས་སོགས་གདུང་སྲས་རྣམས་ཀྱི་ལམ་བཞིན་ཟབ་ཏུ་བསྩལ། མཇལ་ཕྱག་དང་གཟིམ་ཆུང་མཇལ་ཁར་གྲགས་པ་སོགས་རིམ་ཞུ་མཛད། མཛད་ཆེན་ཁག་སོགས་ལའང་བརྡ་ཐོ་འབྱོར་རེ་བཞིན་ཕེབས་སྐད་དང༌། གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པར་གཙུག་ཕུད་འབུལ་གནང་གིས། ཆོས་གོས། ལྷུང་བཟེད། གདིང་བ་སོགས་བཅས་ཞབས་འབྲིང་དུ་མཛོད་པ་དམ་ཆོས་ལྷུན་གྲུབ་སོགས་ཞུ་མཁན་མང་དག་བཅས་ནོར་གླིང་གྲུ་འཛིན་ཕོ་བྲང་དུ་དགེ་ཚུལ་གྱི་བསླབ་སྡོམ་ཡང་དག་པར་བཞེས་ཏེ་མཚན་བརྗེ་སྐབས་སྔར་གྱི་སྟེང་དུ་མཁན་པོའི་མཚན་ཟུར་འཇམ་དབྱངས་ཐུབ་བསྟན་བཟང་པོ་དང༌། ཆོས་སྡིང་པར་ཐུབ་བསྟན་ཐུབ་དབང་ཞེས་བསྩལ། གཞུང་ཞབས་ཀྱང་མང་དུ་གནང་ཞིང་གསེར་ཅན་དགོན་འཛིན་སྤྲས་དང་བཅས་པ་ཁ་འཛིན་གཏན་འཇགས་བཀའ་ལག་བཅས་ཞུས་བསྩལ་བྱུང་བ་བཞིན། ཆུ་ཡོས་སྟོན་རྩིས་བཞེས་སོགས་གནང་བ་ཡུམ་སྲས་རྣམས་གསེར་ཅན་དུ་ཕེབས་པ་ཡུམ་མཆོག་དེར་བཞུགས་ཀྱིས། གདུང་སྲས་ཟུང་ཞབས་དྲུང་བསྟན་པ་བཅས་ཁྱུག་ཙམ་འདིར་ཕེབས་བྱུང་བ་དང༌། དེ་ནས་གདུང་སྲས་འཇམ་དབྱངས་བཟང་པོ་གང་ཉིད་གསེར་ཅན་དུ་ཕེབས་ཤིང༌། འབྲུག་ལོ་ནང་ཡུམ་སྲས་རྣམས་འདིར་ཕེབས་སྒྲོལ་སྟེང་གཟིམ་ཁང་གསར་པ་དང་དགུན་ན་རྩེར་བཞུགས་མུ་ནས་གདུང་སྲས་ཉིད་སླར་ཡང་ལྷ་ལྡན་དུ་ཕེབས་ཏེ་བསྟན་གླིང་དུ་བཞུགས། གཞུང་ཞབས་དམག་བཟློག་སྐབས་ཅུང་ཟད་འཚུབ་རྟགས་ཀྱང་