R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡༩
[A:༨༡༩]བྱུང་ཞིང༌། ཕུན་ཕོས་བདག་ཁྲི་དབུས་ཕེབས་སྐབས་བཅས་སྣེ་འཛོམ་བྱུང་འདུག་པ་དང༌། དེ་ནས་གསེར་ཅན་དུ་ཡུམ་སྲས་རྣམས་བཞུགས་ཏེ། དགོན་པ་ཉམས་གསོ་ཨར་ལས་སོགས་ཀྱི་ཐུགས་བྲེལ་གདུང་སྲས་ནས་བཀའ་ཆོས་ཀྱང་མང་དུ་གནང་ཚོད་འདུག་ཅིང༌། དེ་ནས་མེ་རྟ་ལོ་སོགས་འདིར་བཞུགས་ཡོད་པ་དང༌། འདི་ལོ་ས་ཆེན་ཀུན་བློས་སེར་འདུའི་ཞབས་སྐོར་སྐབས། བེར་ཤེར་ཡོན་ཏན་རྒྱ་མཚོ་དུང་མཁན་གྱིས་ཆོས་དུང་ཡིད་བཞིན་ནོར་བུར་དུས་རྟགས་ལྟ་བུ་ཇི་ལྟར་ཡིན་རུང་བཙུན་ཆུང་ཞིག་ནས་ཕྱེ་ཕུར་སྒྲོག་ཤིང་འགྱེལ་རྐྱེན་དུ་ཤོག་ལ་ཅུང་ཟད་སྐྱོན་པར་བྱུང་བ་དེ་སྐབས་མཆེད་ཟླ། གདུང་སྲས་མཆོག་ཀྱང་འདིར་བཞུགས་ཀྱིས་བརྟག་ཞུས་ལ་དམ་སེལ་གྱི་སྐྱོན་ཡིན་པ་གསུངས་པ་བཞིན་དེ་རང་ཡིན་འདྲ་བ་དང༌། འདི་ལོ་རིལ་སྒྲུབ་ཟབ་མ་དང༌། ཕུར་སྒྲུབ་སློབ་དཔོན་ཐོག་མ་གནང་ཞིང༌། དགུན་དུས་མདོས་སློབ་དཔོན་སོགས་མཛད། མེ་ལུག་དབྱར་འདི་གར་རི་ཁུད་སྤྲུལ་སྐུ། ཆོས་སྡེ་ལྷོ་བྱང༌། ཟུར་སྦུག རི་ཁུད་ལྷ་འབྲི། གྲྭ་རྒྱུན་སོགས་དྲུག་ཅུ་སྐོར་ལ་འཕགས་ཡུལ་གྲུབ་ཐོབ་ཡོངས་ཀྱི་གཙུག་རྒྱན་འཇིགས་བྲལ་དཔལ་ལྡན་ཆོས་སྐྱོང་གི་བཞེད་གཞུང༌། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་བཅུད་ཕྱུང་བ་བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་གོང་མ་རྣམས་ཀྱི་ཐུགས་དམ་ཉམས་སུ་བཞེས་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་གདམས་པ། ཐུན་མོང་མ་ཡིན་པ་ཚོགས་སློབ་གཉིས་ལས་ཚོགས་བཤད་མཁན་ཆེན་ངག་ཆོས་ཀྱི་ཡིག་སྟེང་ནས་སྔོན་འགྲོ་སྣང་