R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༠
[A:༨༢༠]གསུམ་དང༌། སེམས་བསྐྱེད་ཆེན་མོ་སློབ་མ་རྗེ་འཛིན། བསྙེན་པ་ཁ་གསོ། དེ་ནས་སློབ་མས་བསགས་སྦྱངས། དངོས་གཞི་རྒྱུ་དབང་རྒྱུད་གསུམ་སྔོན་དངོས་རྗེས་གསུམ་ཚང་མ། ལམ་དབང་དང༌། བདག་མེད་མའི་བྱིན་རླབས་སོགས་དང༌། གཞན་ཡང་གྲུབ་བརྒྱའི་རྗེས་གནང༌། ལོ་གྱོན་མ། རྣམ་རྒྱལ་འཇོམས། ཁྲོ་མོ་སྨེ་བརྩེགས་གནས་བཅུ་སྨན་བླ་མཆེད་བདུན་སོགས་རྗེས་གནང་ཟུར་བཀའི་རིགས་མང་བ། གུར་མགོན་ལྷ་བརྒྱད། ཞལ་བཞི། དུར་བདག། དཀར་བདུད། རྣམ་སྲས། ཛམ་སེར་ནག་སོགས་ཀྱི་རྗེས་གནང༌། ལུང་ལ་སྣང་གསུམ་སྐབས་བླ་མའི་རྣམ་ཐར་རགས་འདུས་དང༌། གཞན་ཡང་ཆོས་སྡེ་ལྷོ་བྱང་ཉེ་མཁོ་རྣམས་ཀྱི་ལུང་སོགས་གནང་ཡོད་དམ་སྙམ་ཞིང༌། ལོ་འདིར། དགུན་གཞུང་ཞབས་དྲང་སྲོང་ལོག་ཏྲི་པ་ལའི་གཏོར་བཟློག་སོགས་གནང༌། ལོ་འདིའི་སྔོན་ཙམ་ནས་གསེར་ཅན་པས་རྩོད་གླེང་གི་འགོ་ཚུགས། ལྕགས་བྱི་ལོ་གུ་ཎ་སྤྲུལ་སྐུ་ཕྱོགས་ལས་རྣམ་རྒྱལ་སོགས་ཆོས་གྲྭ་ལྷོ་བྱང་རྣམས་ལ་ལམ་འབྲས་གཉིས་པ་གནང་ཞིང༌། གུ་ཎ་སྤྲུལ་སྐུ་མཆོག་ནས་འཇིགས་བྱེད་ཆོས་སྐོར་དང༌། མཁའ་སྤྱོད་སྐོར་གསུམ་སོགས་གསེར་ཆོས་སྐོར་ཕལ་ཆེ་བ་གསན་ཅིང༌། བདག་ཁྲི་འཇམ་དབང་མཆོག་ལས་དམར་པོ་སྐོར་གསུམ་བེའུ་ལུང་སོགས་གསན་ཚུལ་འདུག ལྕགས་ཕག་ལོ་ཀ་སྦུག་ཏུ་གོང་ས་ཐམས་ཅད་མཁྱེན་པར་མཇལ་ཕྱག་དང༌། རྒྱ་གར་རྡོ་རྗེ་གདན་བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་སུ་གཞུང་ཞབས་མང་དུ་གནང་ཞིང༌། ཆུ་བྱི་ཆུ་གླང་སོགས་ལ་དབུས་ལྷོ་