R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༡
[A:༨༢༡]བྱང་ནཱ་ལེནྡྲ་སོགས་བཅོ་བརྒྱད་ཁྲི་ཆེན་ལས་ལམ་འབྲས་སློབ་བཤད་གསན་འདུག་པ་འདི་ཙམ་ལ་ཡིན་ནམ་སྙམ་ཞིང༌། ལྷ་ལྡན་དུ་བསྟན་གླིང་དུ་བཞུགས་ཏེ་གཞུང་ཞབས་འགའ་ཞིག་གནང་སྐད་འདུག དེ་ནས་འདི་གར་ཕེབས་ནས་བསྟན་གླིང་ཕྱག་རོལ་གྲས་ད་ལྟའི་ཟབ་རོལ་འདི་སོགས་ཆོས་བྱང་དུ་སྦྱོར་འཇགས་གནང་ཞིང༌། ཤིང་ཡོས་དབོ་ཟླའི་ཚེས་བཅུ་ལ་མ་ཡུམ་འཆི་མེད་ཚེ་དབང་རིག་འཛིན་དཔལ་གྱི་ལྷ་མོ་དེ་ཉིད་དགུང་གྲངས་དྲུག་ཅུ་རེ་བཞིའི་སྟེང་དགོངས་པ་རྫོགས་པ། གཤེགས་རྫོང་དགོངས་རྫོགས་དངོས་གཞི་སྒྲོལ་སྟེང་རང་ནས་མཛད་ཅིང༌། ངོས་རང་ལ་ཡང་བྱང་བུ་ལམ་སྟོན་སོགས་སྩལ་བ་མཚན་བྱང་སྲེག་སྦྱངས་སོགས་ཇི་ལྟར་གསུངས་པ་བཞིན་གསེར་ཆོས་ནཱ་རོ་མཁའ་སྤྱོད་མའི་ཆོ་ག་དང་འབྲེལ་ཞུས་ཁུལ་དང༌། དགུང་ཞག་རིང་ངོས་རང་ནས་མཁའ་སྤྱོད་མའི་ཆོ་ག་ཉིན་ལྟར་བགྱིས་ཏེ། ཨོཾ་གསུམ་མའི་སྔགས་ལྔ་བརྒྱ་རེ་དང་བུམ་བསྐྱེད་ལ་ཕྲེང་འཁོར་རེ་ཆག་མེད་བགྱིས་པ་དང༌། ལྷ་ཁང་རྣམས་སུ་སྣ་ལྔའི་མཆོད་པ་བརྒྱ་ཚར། ཚོགས་ཆེན་དུ་ཐམས་ཅད་རིག་པའི་ཆོ་ག་ཞུས་པ་དང༌། དངོས་གཞི་སྒྲོལ་སྟེང་ནས་སྤུར་དྲུང་དུ་ཐུགས་དམ་འཛིན་མི་དང༌། ཀུན་རིག་མཁའ་སྤྱོད་མ་སོགས་ཀྱི་ཆོ་ག་གཏོང་མཁན་བཞི་གྲ་རེ་སོགས་དང༌། སྤུར་ཞུ་རིན་སྒང་དུ་ལྷ་ཆེན་མཁན་པོ་སོགས་ནས་མཛད་པ་དང༌། དེ་ཉིད་སྣ་ལྔའི་སྟོང་མཆོད་དང༌། ཚོགས་ཆེན་ལ་མང་ཐུག་འགྱེད། ངན་སློང་སྦྱིན་གཏོང་དགུང་ཞག་ནམ་རྫོགས་བར་ལྷོ་བྱང་ཚོགས་ཡོངས་ནས་ཐམས་ཅད་རིག་པའི་ཆོ་ག དགུང་ཞག་རྫོགས་ཉིན་གོང་