R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༢
[A:༨༢༢]འདྲ་སོགས་དང༌། གཞན་ཡང་གོང་ས་ཡས་བྱིན། འདི་གའི་བླ་ཁག་སོགས་ལ་བསྔོ་རྟེན་སྤམ་མཐོ་བ། ཕྱོགས་དགོན་རིས་མེད་ཀྱི་སྡེ་རྣམས་སུ་མང་བསྐོལ་སོགས་དང༌། ནང་རྟེན་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་སྣང་བརྙན་གསེར་ཟངས་ལས་གྲུབ་པ་གསར་བཞེངས་སོགས། ཞིབ་པར་དེ་སྐབས་ཀྱི་དགོངས་རྫོགས་སྒྲུབ་ཐོ་ཟུར་ཡོད་འདུག་པ་ལས་ངོས་རང་ལ་ནི་གོ་བསྡུར་སོགས་གང་ཡང་གནང་མ་བྱུང་བས་རྒྱུས་མངའ་དང་ཐེ་ཚོགས་གང་ཡང་མེད་ཅིང༌། གཞན་ཡང་དགོངས་རྫོགས་སྒྲུབ་པར་དབུས་ནང་ངོས་ལ་རྗེ་བཙུན་དངོས་དབང་ལ་ཕེབས་ཅིང༌། མེ་སྦྲུལ་ལོ་ནང་གདུང་སྲས་མཆོག་དང་བཙུན་མོ་བཅས་གཉིས་ཆར། རྒྱ་གར་ཕྱོགས་ལ་ཕེབས་ཏེ། རྡོ་རྗེ་གདན། རྩྭ་མཆོག་གྲོང༌། བྱ་རྒོད་ཕུང་པོའི་རི་སོགས་ལ་མཆོད་འབུལ་དང་གནས་བསྐོར་བཅས་པར་ཕེབས་སོང༌། གཞན་ཡང་ལོ་ཁམས་མ་ངེས་པ་ལྷོ་རོང་གཞུང་འབྲུག་སྤ་གྲོར་ངོས་དང༌། འགོ་ཡུལ་སྟོད་གསུམ་ངོས་ཚར་ཁ་ཤས་གདན་ཞུས་ཀྱིས་འགྲོ་དོན་སོགས་ལ་བྱོན་པར། ལྷ་རྟེན་དང་མཚོ་སོགས་ལ་བསངས་གསོལ་ཁྲུས་གསོལ་རབ་གནས་སོགས་མཛད་པ་ནས་བཟུང༌། མཚོ་རྣམས་ལུད་ཅིང་རྒྱས་ཏེ། ལོ་ཕྱུགས་ལེགས་པ་སོགས་སྙན་པའི་གྲགས་པས་ཁྱབ་པ་བྱུང་ཞིང༌། གཞན་ཡང་འདར་གྲགས་ཅན་སོགས་སུའང་ལམ་འབྲས་སློབ་བཤད་དབང་ཆོས་མང་དུ་གནང་ཞིང༌། གནས་གསར་འགུར་ལང་པའི་མཁན་ཟུར་ལས་ཤངས་ཆོས་ནི་གུ་ཆོས་དྲུག་སོགས་གསན་པ་དང༌། ངོར་ཨེ་ཝཾ་ཆོས་ལྡན་དུ་ཁང་གསར་མཁན་པོ་སྐུ་མཆེད་དང༌། ཀླུ་ལྡིང་རྒྱལ་