[A:༧༧]ཞབས་ཀྱི་སྔགས་འཆང་ཆེན་པོའི་རྣམ་ཐར་འབྲིང་པོ། རབ་གནས་དོན་ལྷུན་མ། ཐུབ་བསྟན་མཁན་ཆེན་བསྟན་པའི་རྡོ་རྗེས་མཛད་པའི་ཀྱཻ་རྡོ་རྗེའི་བསྙེན་པ་བྱ་ཚུལ་གསང་དོན་རབ་གསལ། ཡང་དེས་མཛད་པའི་གསུང་ངག་ཁྲིད་ཡིག སྔགས་འཆང་ཀུན་བཀྲས་ཀྱིས་མཛད་པའི་ལམ་ཟབ་ནང་གི་བྱིན་རླབས་བྱ་ཚུལ། ཡང་དེས་མཛད་པའི་ཁྲོ་བཅུའི་སྲུང་འཁོར་མཛད་བྱང་མེད་པ། དེའུ་ལོ་ཙཱ་བས་མཛད་པའི་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་བྱ་ཚུལ། ཡང་དེས་མཛད་པའི་ཞི་བའི་སྦྱིན་སྲེག་དུས་མཐའི་ཆོ་ག་དང་བཅས་པ། ཨེ་ཝཾ་སྒྲུབ་ཁང་པ་དཔལ་དོན་གྱིས་མཛད་པའི་ལས་བཞིའི་སྦྱིན་སྲེག་གི་རྣམ་བཤད་ཤིན་ཏུ་རྒྱས་པ་ཡེ་ཤེས་མེ་དཔུང༌། འཇམ་དབྱངས་ཀུན་དགའ་ལེགས་གྲུབ་ཀྱིས་མཛད་པའི་རྗེ་བཙུན་རྡོ་རྗེ་བདག་མེད་མའི་ལྷ་མོ་བཅོ་ལྔའི་མངོན་རྟོགས་ཡན་ལག་དྲུག་པ་བྱིན་རླབས་འབྱུང་བ། དེའི་ལུས་དཀྱིལ་སྒོམ་ཚུལ་དང་བྱིན་རླབས་བྱ་ཚུལ་གཉིས། རྗེ་སངས་རྒྱས་དཔལ་བཟང་གིས་མཛད་པའི་བདག་མེད་མའི་མངོན་དཀྱིལ་ལྷན་ཐབས། མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པའི་གསུང་ངག་གནང་ཚུལ་གྱི་ཟིན་བྲིས་འགོར་སྒྲུབ་པའི་བསྙེན་པ་ལ་གཞན་ཕལ་ཆེར་སྔ་མ་དང་འདྲ་བ་ཡོད་པ། མཐའ་མདོར་བསྡུས་པ་དེ་ཙམ་གྱི་དོན་མ་ཚང་བ་མེད་པ་ཡིན་ཞིང༌། རེས་ཡོད་པའི་ཤོོོག་གཅིག་ལ་རྨོར་ཆེན་ངག་དབང་ཀུན་དགའ་ལྷུན་གྲུབ་ཀྱིས་མཛད་པའི་དམ་རྡོར་སྒོམ་བཟླས། དེས་མཛད་པའི་རྟེན་འབྲེལ་སྲུང་བའི་གསལ་བྱེད། ཐོ་བསྐྱེད་བྱམས་པ་ངག་བྱལ་གྱི་གསལ་བྱེད་རྨོར་ཆེན་རྡོ་རྗེ་འཆང་