R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༤
[A:༨༢༤]གསེར་ཆོས་བཅུ་གསུམ། ཁྱད་པར་མཁའ་སྤྱོད་སྐོར་གསུམ། ནཱ་རོ་མཁའ་སྤྱོད་མའི་གུར་མགོན་གྱི་ཆོས་སྐོར་རྣམས་ཀྱང་ཐེངས་ཁ་ཤས་གནང་ཚོད་དང༌། གཞན་ཡང་བདེ་མཆོག་ལུ་ནག་དྲིལ་གསུམ། གསང་འདུས་ལུགས་གཉིས། ཐམས་ཅད་རིག་པ། མི་འཁྲུགས་པ། ཚེ་དཔག་མེད་ལྷ་དགུ་སོགས་ཀྱི་དབང་ཆེན་རྗེས་གནང་སྤྱི་བཀའ་སྒྲུབ་ཐབས་བརྒྱ་རྩ། ཟུར་བཀའི་རིགས་རྗེས་གནང་སོགས་མང་བ། ཚེ་རྟ་ཟུང་འབྲེལ། གྲུབ་རྒྱལ་མ། ལྕགས་སྡོང་མ་སོགས། ཚེ་དབང༌། སྣུབས་ལུགས་བྱད་གྲོལ་སོགས་ཤིན་ཏུ་མང་བ་གནང༌། གཙང་སར་སྤྲུལ་སྐུ་སོགས་ལ། རྭ་ལུགས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་ཡོངས་རྫོགས་གནང་ཞིང༌། རྩོད་པ་རྡོ་རྗེའི་མེ་ཆེན་གྱིས་རྒྱལ་བསྟན་ལ་སྨོད་པའི་ལོག་རྟོག་བསལ་ཚུལ་ཡང༌། དེང་སྐབས་སྙིགས་མ་ལྔ་བདོ་བའི་དུས་ལ་དགོངས། རྩོད་པ་དངོས་སུ་མ་མཛད། འོན་ཀྱང་བརྩམས་ཆོས་མཛད་པ་རྣམས་སུ་དགག་སྒྲུབ་རྣམ་བཞག་ཅུང་ཟད་མཛད་པ་རྣམས་དོན་དུ་ངེས་དོན་གྱི་རྩོད་པར་སོང་བ་དང༌། རྩོམ་པ་བདེ་ལེགས་ཀྱི་ཕྲེང་བས་རྒྱལ་བསྟན་མཛེས་པར་མཛད་པ་ཡང༌། ཡབ་རྗེ་སྐུ་མཆེད་སོགས་ཉིད་ཀྱི་དབུ་བླ་རྣམས་ཀྱི་གསོལ་འདེབས་རིགས་དང༌། བརྒྱུད་འདེབས་སོགས་ཀྱི་ཞལ་སྐོང༌། སྒྲུབ་དཀྱིལ་དབང་རྗེས་གནང་ཆོག་ཁྲིགས་ནག་འགྲོས་སྐོར། བཀའ་སྲུང་རྣམས་ཀྱི་གསོལ་ཁ་གསེར་སྐྱེམས་མདོས་ཆོག་སོགས་མང་བ། ས་སྤོས་སྨན་སྤོས་སྦྱར་ཚུལ་ལག་ལེན་བྱས་ཆོག་མ་སོགས། གསུང་ངག་སློབ་བཤད་ཀྱི་འཆད་ཐབས། དཔལ་ས་སྐྱའི་གདུང་རབས་བྱོན་ཚུལ་ཚིགས་བཅད་