R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༢༨
[A:༨༢༨]གསོལ་སྦྱར་བ། དམ་པ་དེ་ཉིད་ཀྱི་མཁན་པོ་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་བསྔོ་རྟེན་ན་བཟའ་ཨུ་རུ་སུའི་རྒྱ་སེར་གྱི་སྟོད་འགག་སོགས་ལུས་གང་ཆ་ཚང་རྒྱ་སེར་གྱི་ཆབ་ལྷུག བཟང་གོས་ཀྱི་རྣམ་སྦྱར། གསེར་སྒ་སོགས་ཆིབས་ཆས་ཆ་ཆིང་བབས་པ་རྒྱ་སྤྲེའུ་བཅས། དེ་འོག་ནས་ངོས་རང་ལ། བྱང་རྟེན་ན་བཟའ་ཆ་ཚང་སོགས་དང༌། འདི་ཁུལ་བླ་ཁག་གདུང་སྲས་རྗེ་བཙུན་མ་སོགས་དང༌། ཟུར་བཞི་བླ་ཁག་སོགས་ལ་བསྔོ་རྟེན་ན་བཟའ་སྣེ་རེ། ཚོགས་ཆེན་ལ་བཞེས་ཐུག་མང་ཇ་སྙན་འགྱེད་ལམ་དཀར་ཞོ་གསུམ་རེ་ཕྱི་ཚོགས་ལ་ལམ་རེ། མུ་ཏོ་བ་སྟོང་ཕྲག་བརྒལ་བ་ལ་ཞོ་རེ་སོགས་དང༌། དགུང་ཞག་རིང་ལྷོ་བྱང་ཚོགས་ཡོངས་ནས་ཀུན་རིག་ཆོ་ག་བསྙེན་བཀུར་ཟབ་པའི་འགྱེད་ཉིན་རེར་ལམ་རེ་ཞོ་རེ་སྤེལ་མ། སྐབས་རེར་ཇ་འགྱེད་སྐུ་ཚིགས་བཞི་པ་དང༌། ཞེ་དགུ་རྫོགས་ཉིན་སྟོང་མཆོད་སོགས་གོང་བཞིན་གཞན་ཡང་ཆོས་ལྷུན། མདར་གྲངས་ཆེན། རྩེ་ཆོས་གོང་འོག ཀ་ལ་ཕྱི་སོགས་ལ་སྣ་ལྔའི་མཆོད་པ་བསྙེན་བཀུར་ཉིན་འཁྱོངས་གསུམ་རེ་འགྱེད་བཅས། ཆོས་ལྷུན་དུ་ཚེས་བཅུ་ཚོགས་བརྒྱད་སོང་དང༌། གཞན་ཡང་གཙང་དབུས་ཀྱི་ས་དགོན་རྣམས་གཙོར་བཟུང་གིས་རིས་སུ་མ་ཕྱེད་པའི་དགོན་སྡེ་ཕལ་ཆེ་བར་མང་བསྐོལ་འགྱེད་བཅས་དང༌། ཟུར་འབུལ་འོས་པ་རྣམས་ལ་བསྔོ་རྟེན་སོགས་དང༌། ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་ལ་སྟོང་མཆོད་སོགས་འབུལ་བར་བླ་སྨན་དཔལ་རྩེ་པ་ཐོན་པ་བཅས་དང༌། འདི་གར་སྒྲོལ་སྟེང་འཇམ་དཔལ་ལྷ་ཁང་དུ་གདུང་སྲས་ངག་དབང་ཀུན་དགའ་