[A:༨༣༩]གསར་བ་ངག་དབང་བློ་གྲོས་སྙིང་པོ་ལས་སྒྲུབ་ཐབས་ཀུན་བཏུས་ཆ་ཚང་ཐོབ་ཅིང༌། དེར་མ་འདུས་པ་རྣམ་སྲས་རིགས་ཅན་བཅོ་ལྔའི་རྗེས་གནང་སོགས་ཐོབ། རྭ་ལུགས་རྡོ་རྗེ་འཇིགས་བྱེད་དབང་ལུང་ཆ་ཚང༌། ལས་གཤིན་རིགས་གསུམ་རྗེས་གནང་དུ་མ་དབང་བཅས་ཐོབ། གཞན་ཡང་བྱ་རྒྱུད་རིགས་གསུམ་སྤྱི། གདུགས་དཀར་ཉེར་བདུན། མི་འཁྲུགས་ལྷ་དགུ། ཚེ་དཔག་ལྷ་དགུ། རྣལ་འབྱོར་རྒྱུད་ཀུན་རིག བླ་མེད་འདུས་གདུགས་གཉིས་འཇིགས་བྱེད་བཅུ་གསུམ་མ་དང་རོ་ལངས་བརྒྱད་སྐོར། གཤེད་དམར་ལྷ་ལྔ། མ་རྒྱུད་བདེ་མཆོག་ལུ་ནག་དྲིལ་གསུམ། རིལ་བུ་ལུས་དཀྱིལ་བདག་ལྷ་དགུ། རྡོ་རྗེ་ཕུར་པ། གུར་དྲག ཀུ་རུ་ཀུ་ལླེ་ལྷ་ལྔ། གཉིས་མེད་རྒྱུད་ཀྱཻ་རྡོ་རྗེ་ཡབ་ཡུམ་རྣམས་ཀྱི་དབང་ཆེན་རྣམས་ཐོབ། ལུང་ས་སྐྱ་བཀའ་འབུམ་ཆ་ཚང༌། གདན་ས་འདི་ཉིད་ན་བཞུགས་པའི་ཆོས་སྤྱོད་སྒྲུབ་དཀྱིལ། གཏོར་བསྔོ་བསྐང་གསོ་བསྟོད་སྙིང། གཏོར་བཟློག་རྣམས་ཀྱི་ལུང་སོགས་དང། གཏོར་མ་བརྒྱ་རྩ། བརྒྱ་བཞི། འབྱུང་བཞི་སོགས། གཏོར་མའི་ཉེ་མཁོ་ཕལ་ཆེར་གྱི་ལུང་མནོས་པ་དང༌། རྙིང་མའི་སྐོར་ལ། རྟ་མགྲིན་ཡང་གསང༌། བྱང་གཏེར་ཐུགས་སྒྲུབ་ཀྱི་དབང་རྒྱས་འབྲིང་བསྡུས་གསུམ། བཀའ་བརྒྱད་ཤར། བསྟན་སྲུང་བཀའ་གཏད། ཐང་ལྷའི་སྲོག་གཏད་བཅས་དང༌། ཆོས་དབང་ལོག་ཏྲི་པ་ལ། སྐུ་ལྔའི་སྲོག་གཏད། མངའ་རས་པཎ་ཆེན་ཟབ་གཏེར། རྩི་དམར་སྲོག་གཏད། གཏེར་གསར་ཐུགས་སྒྲུབ་བར་ཆད་ཀུན་སེལ། འཕགས་མའི་སྙིང་ཐིག