R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༠
[A:༨༤༠]རྡོ་རྗེ་ཕུར་པའི་གནད་ཏིག་རྣམས་ཀྱི་དབང་ཐོབ་ཅིང༌། དགེས་པ་རྡོ་རྗེ། རྡོ་རྗེ་ཕུར་པ། ནཱ་རོ་མཁའ་སྤྱོད་མ། རྗེ་བཙུན་རིག་བྱེད་མ། ཏཱ་རེ་དཀར་མོ། མ་ཅིག་གྲུབ་རྒྱལ་ལུགས། ཚེ་དཔག་མེད། ཚེ་རྟ་ཟུང་འབྲེལ། གུར་ཞལ་རྣམས་ཀྱི་བསྙེན་སྒྲུབ་གྲངས་དུས། འགའ་རེ་ལ་ཚད་མའི་བསྙེན་པ་བཅས་མཐར་ཕྱིན་ཞིང༌། ཡིད་ཆེས་པ་གྲངས་ཀྱང་ལན་མང་དུ་སོང༌། རྒྱུན་ཏུ་ཡང་ལྷག་པའི་ལྷ་དེ་དག་གི་བསྐྱེད་རིམ་སྒོམ་བཟླས་བགྱིད་མུས་ལ་དུས་ཐུན་གཉིས་མ་འདི། རྗེ་བཙུན་རྟ་མགྲིན་དབང་མོ་ཞིང་མ་བརྗེ་ཙམ། མེ་སྤྲེལ་ལོ་ནང་ལམ་དབང་ཞུས་པ་ནས་ཆག་མ་མྱོང༌། རྩ་སྔགས་སོགས་གྲངས་སྣ་ཚོགས་དང་ཡིག་བརྒྱ་ཕྲེང་འཁོར་རེ་ད་བར་ཆག་མེད། ལོ་དེ་ནས་ཆོས་སྲུང་རྣམས་ལ་ཡང་དམ་རྫས་ཐུན་མོང་མ་ཡིན་པའི་གཏོར་མ་རྒྱུན་འཛུགས་ཀྱིས་བསྐང་གསོ་མ་ཁོམ་ཡང་གཏོར་བསྔོ་ཆོག། ཁྱད་པར་ཚེས་བརྒྱད། བཅུ་གསུམ། ཉེར་གསུམ། ཉེར་དགུ་བཅས་པར་ད་བར་ཆག་མ་མྱོང༌། རང་ལོ་བཅོ་བརྒྱད་པར་ཕུར་སྒྲུབ་བཤད་ལས་པ་དང༌། དེ་ནས་ལས་རིམ་རྣམས་བསྙེན་པ་ཁ་གསོ་ནས་བཟུང་ཤར་སྦྱོང་རང་མ་ཡིན་པ་རྣམ་བཤད་སོགས་ལ་ལྟ་རྟོག་དང༌། ཕྱག་ལེན་རྣམས་ཀྱང་གང་ཞིག་བགྱིད་ཁུལ་བྱས་ཏེ། མགོན་པོ་ཁྲོ་བཅུ་ནས། ལྷ་མོ་རྗེ་ཁོལ། དམ་བསྐང་མར་ཚང་མར་དང་དོད་གང་ཆེན་བགྱིས་པ་ཡིན། ས་བྱི་ལོར་སྡེ་དགེ་ས་སྤྱོད་ཕེབས་སྐབས་དུས་མདོས་ཟབ་མའི་སློབ་དཔོན་བགྱིས་པ་ནས་དུས་མདོས་ཁོ་ནའི་སློབ་དཔོན་ཐེངས་བཅུ་གསུམ་བགྱིས་པ་ཡིན། ས་གླང་ལོར་འཇམ་དཔལ་དངོས་གྲུབ་