R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣༨
[A:༨༣༨]འགོ་དབྱངས་སོགས་རྒྱུགས་འབུལ་གོང་འདྲ་ཞུས་ཏེ་ཀྱཻ་རྡོ་རྗེའི་རྒྱུགས། རང་ལོ་དགུ་པར་ཕུར་ཆེན་སྦྱོང་སྐབས་འགའ་ཞིག་མ་བསླབ་པར་སྔོན་སྦྱངས་ལྟ་བུས་སྐྱོར་ཕྱིན་ཡོད་གསུངས་པ་བདེན་མིན་བརྟག གར་འཆམ་རྣམས་ཀྱང་བསླབས་ཏེ་རྒྱུགས་སྤྲོད་དང༌། འཆམ་རྒྱུགས་བཅས་གོང་བཞིན་ཕུལ་ཏེ་ཕུར་སྒྲུབ་རྒྱུགས། རང་ལོ་བཅུ་པར་འབྱུང་འདུལ་བསྙེན་པ་ཟླ་གཅིག་བཅུ་ཆའི་སྦྱིན་སྲེག་སོགས་བགྱིས། རྭ་ལུགས་འཇིགས་བྱེད་བཅུ་གསུམ་མ་དང༌། གསང་འདུས་འཕགས་ལུགས། བདག་མེད་མ། བདེ་མཆོག་ནག་པོ་ལུགས། ནཱ་རོ་མཁའ་སྤྱོད། གསང་འདུས་མཆོད་སྤྲིན་རྒྱ་མཚོ་རྣམས་ཀྱི་རྒྱུགས་སྤྲོད་རྣམས་རིམ་བཞིན་ཕུལ། སྔ་ཕྱི་ཡབ་རྗེ་རྡོ་རྗེ་འཆང་སྐུ་མཆེད། རྗེ་བཙུན་རྣལ་འབྱོར་དབང་མོ་སྐལ་བཟང་ཆོས་ཀྱི་ཉི་མ། ཨེ་ཝཾ་ཆོས་ལྡན་གྱི་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་སྙིང་པོ། གྲུབ་པའི་དབང་ཕྱུག བཛྲ་དྷ་ར་རཏྣ་བྷ་དྲ། གུ་ཎ་སྤྲུལ་སྐུ་བྱམས་པ་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་མ་སྤྲུལ་རིན་པོ་ཆེ་ངག་དབང་བསྟན་པའི་ཉི་མ། རྡོ་རྗེ་བྲག་རིག་འཛིན་ཆེན་པོ་ཐུབ་བསྟན་མཉམ་ཉིད་རྡོ་རྗེ་སོགས་ལས་ལམ་ཚོགས་སློབ། གསེར་ཆོས་བཅུ་གསུམ་སོགས་མནོས་པ་ལས་མཁའ་སྤྱོད་སྐོར་གསུམ་གྱི་བྱིན་རླབས་དང༌། གཞུང་པོད་ལུང་ནཱ་རོ་མཁའ་སྤྱོད་མའི་ཁྲིད་དམར་པོ་དབང་ལུང་ཚང་མ། བསྟན་སྲུང་གུར་ཞལ་གཉིས་ཀྱི་ཆོས་སྐོར་ཡོངས་རྫོགས་དུད་སོལ། བེག་རྩེ། དུར་བདག་རྣམས་ཀྱི་ཆོས་སྐོར་ཚང་མ། རྗེས་གནང་སྤྱི་བཀའ་སྒྲུབ་ཐབས་བརྒྱ་རྩ་དང་ཟུར་བཀའི་གྲས་མང་དུ་ཐོབ་ཅིང༌། དུས་ཕྱིས་ཁང་