R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༡
[A:༨༤༡]རྒྱ་མཚོ་དང་མཉམ་དུ་ཕུར་སྒྲུབ་སློབ་དཔོན་ཐོག་མར་བགྱིས་པ་ནས། རང་ལོ་ལྕགས་བྱ་ལོ་བར་ལ་ཕུར་སྒྲུབ་སློབ་དཔོན་ཀྱང་ཐེངས་བཅུ་གསུམ་ལྷག་ཙམ་སོང༌། མེ་ཁྱི་ལོ་རང་ལོ་བཅུ་དྲུག་པར་ལམ་འབྲས་ཐོག་མར་བགྱིས་པ་ནས། ཤིང་སྟག་ལོ་བར་ལ་ལམ་འབྲས་ཚོགས་བཤད་ལན་དགུ་དང༌། མེ་སྟག་ལོ་གསང་ཆེན་སློབ་བཤད་ཚར་གཅིག་འདི་གའི་གདུང་སྐུ་མཆེད་རྗེ་བཙུན་མཆེད་རྣམས་ལ་བགྱིས་པ་ཡིན། གཞན་ཡང་དབང་རྗེས་གནང་ཁྲིད་ལུང་ལ་སོགས་པ་རང་གི་གང་ཐོབ་ཚང་མ་གདུང་སྲང་ངག་དབང་ཀུན་དགའ་རིན་ཆེན་སྐུ་མཆེད་སོགས་དང༌། གཞན་ཡང་གཞིས་བྱེས་ཆོས་དོན་གཉེར་ཅན་རྣམས་སོ་སོའི་ངོར་ཐེངས་དུ་མ་བྱས་ཤིང༌། ཐ་ནའང་ལན་རེ་འཆད་སྤེལ་མ་བྱས་པ་མེད་པ་ལྟ་བུ་ཡིན། དེ་ལྟར་བགྱིས་པའི་སློབ་མ་ཡང་ས་ཆེན་ཀུན་བློའི་གསུངས་ལས། གཞོན་དུས་བརྩོན་ཁུལ་སློབ་མ་བསྟན་ཕན་དང༌། །བཏང་སྙོམས་དམ་ཉམས་གསོགས་པ་གྲངས་མེད་ཡོད། །གསུངས་པ་ལྟར་གྱི་སློབ་མ་ས་སྐྱ་པའི་གདུང་རྒྱུད་དང༌། ངོར་པའི་མཁན་ཞབས་ཕྱོགས་ཀྱི་བླ་སྤྲུལ་ཁག་ལ་སོགས་པ་ཆེ་ཕྲ་དུ་མ་ཡོད་པ་འགའ་རེ་ནི་སྤྱི་བྱེ་བྲག་གི་བསྟན་འགྲོ་ལ་ཕན་པ་ཡང་དུ་མ་མཆིས། ཕལ་ཆེར་བ་ནི། ཅི་ཡང་མེད་པའི་སྒོམ་ཆེན་གྱིས། །ཕྱིན་ཡང་ཕན་གནོད་གང་ཡང་མེད། །གསུངས་པ་དེ་ལྟར་ཡང་མང་པོ་ཡོད། རྙིང་མའི་རྒྱུད་ཞིག་ན་དམ་མེད་སློབ་མ་བསྟེན་པས་བེ་སྦྲེལ་གཡང་དུ་ལྷུང་ཞེས་བྱུང་བ་དེ་འདྲ་ཡང་མང་དུ་ཡོད་ངེས་པ་བཅས་དང༌། དེ་སྔ་ཆུ་འབྲུག་ལོ་ཡབ་ཡུམ་བཀའ་འབྲེལ་ལྕམ་ཁྲ་འཇམ་དབང་ནས་མཛོད་