R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༢
[A:༨༤༢]བགྱིས་ཏེ། དབྱར་ཐོག་བྱང་རིགས་ནག་ཆུ་ཁུལ་དང༌། དགུན་ལོ་ལྷ་ལྡན། དཔྱིད་གསོས་དབུས་ལྷོ་ཁ་དང༌། དབྱར་བྱང་གནམ་རུ་ཁུལ་སོགས་ལ་བསྐྱོད་པ་དང༌། ཆུ་སྟག་ལོར་འདིའི་ལས་བྱེད་མཐོང་དཀྱིལ་དགེ་བཟང་ནས་མཛོད་པ་བགྱིས་པ་བྱང་གནམ་རུ་ཁུལ་སོགས་ཁྱུག་ཙམ་ཕྱིན་པ་དང༌། ས་བྱ་ལོར་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་རྒྱ་ནག་ནས་བོད་འདིར་གདན་ཞུས་སྐོར་སོགས་ལ། ཆོས་སྡིང་པ་ཐུབ་བསྟན་ཐུབ་དབང་ནས་མཛོད་པ་བགྱིས་ཏེ་དབུས་དང་བྱང་རིགས་སོགས་ལ་ཁྱུག་ཙམ་ཕྱིན་པ་རྣམས་ལ་གཞུང་ས་མཆོག་ནས་རྟ་ཁལ་མི་གསུམ་སོགས་ཀྱི་མཐོང་འཛིན་ལམ་ཡིག་དང་བཅས་སྐྱོང་བ་ཁོ་ན་མ་གཏོགས་མེད་པ་ལ་ཡོད་ཚུལ་སོགས་བྱེད་མ་མྱོང༌། དེ་ནས་ཤིང་ཡོས་ལོར་ཕུན་ཕོ་ནས་ཁྲི་འཛིན་དགོངས་ཞུས་མཛད་པ་འདི་ལྷ་སྡེ་མི་སྡེ་བཅས་ཀྱིས་གསར་འོས་ཆར། ངོས་རང་མིང་ཐོག་ཕྱག་རྟགས་ཕེབས་དགོངས་བཞིན། རྒྱལ་ཟླའི་ཚེས་ཐོར་ངོས་རྣམས་གཞི་ཐོག་ཏུ་བསྐྱོད་དེ་མདོས་ཟབ་སོགས་སྔ་ལམ་བཞིན་དང༌། འཇམ་དབྱངས་ས་པཎ་གྱི་ཆོས་ཁྲིར་སྔར་ནས་ཁྲི་འདོན་ཟིན་པར་བརྟེན་གཞི་ཐོག་ཚོམས་དམར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཆོས་སྲིད་ཟུང་གི་ཆོས་ཁྲིར་འཛེགས་ཏེ། མཁན་ཁྲི་སོགས་ཁྲི་འདོན་བསྔགས་གསོལ་སོགས་ཤིས་པ་བརྗོད་ཟིན་ནས་རྒྱལ་ཁབ་མཆོག་ནས་མི་སྣ་རྩེ་དྲུང་ཆེད་མངགས་མཛད་དེ། ངོས་ལ་བཀའ་ཡིག་མདུད་དར་ཅན། མཎྜལ་རྟེན་གསུམ་འགྱོགས་དར་ནང་མཛོད་སོགས་གནང་སྐྱེས་སྤམ་མཐོ་བ་བཤམས། འདི་གའི་རྩེ་གཞུང་བླ་ཁག་ལྷོ་བྱང་ལས་སྣེ། དྲུང་