R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༣
[A:༨༤༣]རིགས་སེར་སྐྱ། མི་སྡེའི་ཚོ་དཔོན་གཞིས་ཁག ལྷ་མི་སྡེ་བཅས་ཀྱི་ལེགས་འབུལ་ཁྲི་དར་སོགས་བཏང་བ་དང༌། དེ་ནས་རིང་པོ་མ་ཡིན་པ་ལྕགས་སྤྲེལ་ལོར་ངོས་རང་ཁྲི་མཇལ་དབུས་བསྐྱོད་ཀྱིས་འདི་གར་ལམ་གཏོར་ཐོན་ལུགས་དང༌། ལམ་བར་གྱི་བགྱིས་པ་རྣམས་སྔོན་ལམ་བཞིན་བགྱིས་ཐོག་ ལྷ་ལྡན་དུ་སྔོན་ནས་ས་མཚམས་འབུལ་བཏང་བ་བཞིན་སྙེ་ཐང་དུ་སྣེ་ཤན་རྩེ་དྲུང་རྩེ་གཉེར་འབུམ་ཐང་པ་ཕེབས་འབྱོར་གྱིས་མཉེས་སྤྲོ་ལེ་ཚན་ཤིང་འབྲས་རས་ཐུམ་ཆེ་བ་འདོད་ཡོན་གྱི་གྲངས་ལྡན་སོགས་ཕེབས་པ་དང༌། སྐྱིད་ཚལ་ཀླུ་ལྡིང་དུ་བསུ་བར། དྲུང་རིགས་སེར་སྐྱ་བསྡོམས་པས་སུམ་ཅུ། སེར་མོ་རྣམས་རྒྱུན་ཆས་བསེ་ཐེབ་དང༌། སྐྱ་བོ་རྣམས་རྒྱ་ལུ་ཆས། རྩེ་ཤོད་བཀའ་བཅས་སོ་སོ་ནས་མགྲོན་གཉེར་འཚམས་དར་གསོལ་ཇ་བཞེས་འབྲས་སོགས་ནས་ནོར་གླིང་དང༌། རྩེ་ཕོ་བྲང་སྐུ་མདུན། ལྕང་གསེབ་ཤར་འགྲམ་ནས། ལྷ་ས་ཐིལ། བྱང་ངོས་བར་བསྐོར་ལམ་ནས་ཚོང་ཁང་བཀྲ་ཤིས་ཁང་གསར་དུ་ཤར་བསྐྱོད་གནས་ཤན་ཕྱག་འབྲེལ་མི་དཔོན་ཆབ་སྤེལ་བ་ནས། མཇལ་དར། དེ་ནས་གཞེས་བརྡ་སྙན་སེང་སོགས་ཕུལ། སྣྲོན་ཟླའི་ཚེས་ངོས་རང་མཆེད་གདུང་སྲས་བདག་ཡུམ་བཅས་དཔོན་གཡོག་ཚང་མ་མཇལ་ཕྱག་ཏུ་བཅར་བ་མ་ཞོལ་རྩེ་རྣམ་གྲའི་གླིང་ཁར་གང་འཚམ་ཕེབས་སྒུགས་ཞུས་ནས་བཀའ་གསལ་ཕེབས་འཕྲལ་བསྐྱོད་དེ་ནོར་གླིང་དུ་རྒྱལ་སྒོ་ཚང་མ་རྟ་བབས་ཀྱིས་ཕྱིན་པར། རྒྱལ་སྒོའི་ནང་ཞུགས་ཙམ་རིམ་བཞིན་རྩེ་ཕྱག་ནང་ཟན་དང༌། རྩེ་དྲུང་དཀྱུས་གྲས་དང༌། ལས་ཚན་པ་བན་མས་ནས་ཡར་