R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༦
[A:༨༤༦]རྩེ་ཕོད་བྱང་དུ་བདུན་གཅིག་རིང་ཆོག་གྲ་རང་རེའི་རྒྱ་དཔོན། ཡོངས་འཛིན་ཀུན་རབ་ཟུང་དང༌། རྩེ་རྣམ་གྲ་བ་བགྲེས་པ་ལྔ་བཅས། རྗེ་བཙུན་རིག་བྱེད་མའི་བསྙེན་སྒྲུབ་དག་ས་པཎ་གྱི་ཆོས་སྐོར་དངོས་གྲུབ་འབྱུང་གནས་བཞིན་ཞུ་དགོས་དང༌། བདུན་གཅིག་ཚོམས་ཆེན་དུ་ཕུར་བཟློག་བདུན་གཅིག་རྣམས་ལ་མཆོད་རྫས་དང༌། ངོས་རང་ཆོག་གྲ་སོགས་ཀྱི་དགོས་ཆས་སོགས་ཚང་མ་རྩེ་ཡིག་ཚང་ནས་དོ་དམ། རྩེ་དྲུང་གཉིས་ཟུར་བསྐོས་ཀྱིས་མཆོད་པ་དང༌། བསྙེན་བཀུར་ཇ་ཐུག་སྤྲོ་ཟས་སོགས་ཐུགས་སྤྲོ་ལྟ་བུ་དང་ཡོན་སོགས་ཀྱང་ཤིན་ཏུ་ཟབ་པར་བསྩལ། དེ་སྐབས་གཙོ་གཏོར་ཞབས་ནས་བདུད་རྩི་འདྲ་བ་མངོན་སུམ་དུ་མང་དུ་ཟག་ཅིང༌། ཟོར་འཕེན་སྐབས་རླུང་ལྟས་ཀྱང་ཤིན་ཏུ་དགེ་བ་བྱུང་སོང༌། དེ་སྐབས་རྒྱལ་ཁབ་ནས་འདི་ག་བསྟན་རིམ་ཁྲོ་བཅུའི་གཏོང་གནོན་མ་དངུལ་ཊམ་རྡོ་བཞི་བཅུ་སྐོར་གཏན་འཇགས་བསྩལ་བ་དང༌། དེ་སྔ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང༌། སྲིད་སྐྱོང་རིམ་བྱོན་བཅས་ནས་བསྕལ་བའི་ས་སྐྱའི་གཏན་ཚིགས་ཁག་གི་རྒྱབ་གནོན་ཅན་དམིགས་ཆེ་བ་གསོལ་བསྩལ་སོགས་བཀའ་དྲིན་བསམ་གྱིས་མི་ཁྱབ་པས། བསམ་པའི་ཡུལ་ལས་འདས། དེ་ནས་སྐུ་དྲག་ཁག་སོགས་སྒེར་སྦྱིན་སྤང་མདའ་ཚང་གི་རེ་སྐོང་རྣམས་ཟིན་ནས། སྤང་མདའ་ཡོན་ཇ་དངུལ་སོགས་གྲངས་ལས་འདས་པ་དང༌། ལྷག་པར་ཉམས་གསོ་དགེ་རྒྱུན་སོགས་གང་སྐབས་བློས་བཅད་བྱ་རྒྱུར་ཊམ་རྡོར་སུམ་བརྒྱ་ཐམ་པ་འབུལ་འབྱོར་བྱུང་བ་བསྩལ། ལེགས་དར་བྱིན་སྣེ་སྦར་དར་གང་ཡོང་སོགས་བགྱིས། འདི་ལོ་ཟླ་བ་བརྒྱད་པར་ཞུ་དོན་ལྷ་མོ་