R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༧
[A:༨༤༧]བ། འགྱང་གར་བ། ཤངས་པ། རི་ཆེ། སྐྱོར་ལུང་པ་རྣམས་གཟིགས་མོ་སོགས་ལ་ཡོང་དགོས་བཀའ་བསྒྱུར་བཞིན་ངོས་རྣམས་ཚང་མ་ཕྱིན། ཡང་དེ་རྗེས་རྨེ་རུ་སྤྲོ་སེང་གཟིགས་ཆ་སོགས་ཚར་བར་གསོལ་ཇ་བཞེས་འབྲས། གསོལ་ཚིགས་སྡེར་ཁ་དཀར་སྤྲོ་བཅས་ཕེབས་པ་དང༌། དེ་རྗེས་བར་སེང་རྣམས་སུ་གཟིམ་ཆུང་འགོལ་མཇལ་ཀྱང་ལན་གཉིས་ཙམ་གནང་བ་སོགས་གསོལ་ཇ་དཀར་སྤྲོ་སོགས་བསྩལ། དེ་སྐབས་ལྷ་ལྡན་དུ་དུས་བདེ་ཞོད་འཇགས་པ་སོགས་བཟང་དགའ་སྟོན་གྱི་དཔལ་ལ་ལོངས་སྤྱད་ནས་དབྱུག་ཟླར་གཞེས་བརྡ་སྙན་སེང་འབུལ་ཐོན་ཕྱག་གོང་འབྱོར་ཕྱག་ཅིག་ཞུས་ཏེ་ཐོན་གནང་གིས་གནང་སྐྱེས་ཟབ་པར་བསྩལ་བ། དེ་ཉིན་འགྲོ་ཁར་ཕྱག་འབུལ་སོགས་དང༌། དེ་ནས་སྐྱེལ་དྲུང་སེར་སྐྱ་ཐབ་སྐྱེལ་གོང་ས་མཆོག་ནས་འཚམས་དར་ཚེ་མདུད་བཅས་དང༌། སྲིད་བློན་བཀའ་ཤག་སོགས་ནས་གོང་འདྲ་བཅས་དེ་ནུབ་ཚལ་གུང་ཐང་དང༌། དེ་ནས་རྒོད་ལ་བརྒྱུད་བསམ་ཡས་སུ་བསུ་བ་སེར་ཕྲེང་འཆམ་མགོན་རྒྱས་པ་བཅས་སྔོན་ལམ་ཇོ་ཁང་དུ་ཁྲི་འཁོད་མཎྜལ་རྟེན་གསུམ་སོགས་དང༌། སྣ་བདུན་སོགས་ཀྱི་ཤིས་བརྗོད་བཅས་པ་དགོན་ཚང་མར་དེ་བཞིན་ཚེས་བཅུ་ཆེན་མོའི་འཆམ་གཟིགས་པ་རང་རེས་དར་འགྱེད། རབ་གྲྭ་སོགས་ལ་མང་འགྱེད། མཆིང་ཕུ་གནས་མཇལ་ཆོས་སྐྱོང་སྐུ་ཕེབས་ཐེངས་གཉིས་ལ་སྐུ་ཆས་བཙན་ཞགས་སོགས་ཕུལ་ཞིང་བཀའ་བསྒོ་དང༌། བཞིན་འགྲུབ་ཟེར་བའི་ལུང་བསྟན་ལྷ་མདུང་བཅས་སྤྲད་བྱུང༌། དེ་ནས་གྲུ་ཐོན་ནས་རྩེ་ཐང༌། ཁྲ་འབྲུག ཡར་ལུང་བཀྲ་ཤིས་ཆོས་གྲྭ་ཕྱི་ནང༌། མདོ་