R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤༩
[A:༨༤༩]སོ་གཞོན་དུས། ཆོས་ལྷོར་རྡོ་རྗེ་གསུམ་གཞུང་སྐྱོར། དབྱར་དགུན་ཆོས་བུས། རིག་བྱ་སོགས་ལ་མང་དུ་ཕྱིན་ཅིང༌། དེ་བཞིན་གོང་བརྗོད་བཞིན་ཕུར་སྒྲུབ་དུས་མདོས་སོགས་ཀྱི་སློབ་དཔོན་གྲངས་མང་བགྱིས་པ་དང། གཞན་ཡང་། དགེས་རྡོར། རྡོ་རྗེ་ཕུར་པ། འཇིགས་བྱེད་བཅུ་གསུམ་མ། བདེ་མཆོག་ནག་པོ་ལུགས་སོགས་ཀྱི་སྒྲུབ་མཆོད་སློབ་དཔོན་གྲངས་མང་བགྱིས། གཞན་ཡང་སྒྲུབ་མཆོད་གཏོར་བཟློག་དུས་གཏོར་གཏོར་སྤོད་སོགས་ལ་ཚོགས་བསྐྱོད་ནར་མར་བགྱིས་ཤིང། དེ་སྐབས་སོགས་ལ་ན་ལོ་མཐོ་བ་དང་། ས་གཞུང་རྒྱ་ཆེ་ཁུ་མ་འདུས་ཀྱི་ཁུར་ཆེ་བར་བརྟེན་རྒྱུན་འགྲོ་མ་ཁོམ་ཡང་། ལོ་ལྟར་ཕུར་སྒྲུབ། དུས་མདོས། ལྷ་མཆོད། རིལ་སྒྲུབ་སོགས་ལ་ངོ་བསྐྱོད་བྱེད་བཞིན་འདི་དང། ངོས་རང་གི་བསམ་གཏན་ཁང་བུར་ལོ་ཐམས་རིག་པ་དང། ཐུགས་སྒྲུབ་བར་ཆད་ཀུན་སེལ་དང། ཕུར་པའི་གནད་ཏིག་སོགས་ཀྱི་སྒྲུབ་མཆོད་ཟླ་གཅིག་ཙམ་རེ་བགྱིས་མུས་དང། ཟླ་རེར་ཟླ་སྟོད་ཚེས་གསུམ། ཚེས་བཞི། ཚེས་བརྒྱད་རྣམས་ལ་རིམ་བཞིན་གནོད་སྦྱིན་ཡང་ལེ་སེར། རྣམ་སྲས། དམར་པོ་སྐོར་གསུམ་སོགས་ཀྱི་གཏོར་བསྔོ་སོགས་དང། ཚེས་བཅུ་གཅིག་ལ་སློབ་དཔོན་བསོད་ནམས་རྩེ་མོའི་དུས་ཆེན་ནས་རྒྱུད་སྡེ་སྤྱིའི་རྣམ་བཞག་གི་བསྡུས་དོན་ཚུལ་གསུམ་གསལ་རྒྱན་དང། བཅུ་གཉིས་རྗེ་བཙུན་གྲགས་རྒྱན་གྱི་དུས་ཆེན་ལ་མངོན་རྟོགས་ལྗོན་ཤིང་གི་བསྡུས་དོན་ལྗོན་ཤིང་མཛེས་རྒྱན་བཅས་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་དང། བཅུ་བཞི་ས་པཎ་དུས་ཆེན་ལ་སྡོམ་གསུམ་རབ་