R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༠
[A:༨༥༠]དབྱེ། ཉེར་གཅིག་ཀུན་མཁྱེན་དུས་ཆེན་ལ་ཁ་སྐོང་བདུད་རྩི་སྙིང་ཐིག་བཅས་པ་ཉེར་གཉིས་འགྲོ་མགོན་ཆོས་རྒྱལ་འཕགས་པའི་དུས་ཆེན་ལ་དེས་མཛད་པའི་རྒྱལ་བུ་མངྒ་ལཾ་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་ཕྲེང་བ། ཉེར་གསུམ་བིརྺ་པ་དང་ས་ཆེན་དུས་ཆེན་ཟུང་འབྲེལ་ལ་ལམ་འབྲས་རྡོ་རྗེའི་ཚིག་རྐང་དང་ས་ཆེན་གྱི་ལམ་འབྲས་དོན་བསྡུས་མ། རྗེ་བཙུན་གྱི་ལྟ་ཁྲིད་རྩ་བ། གྲྭ་སྟོན་ཞུས་ལན་རྣམས་ཀྱི་གཞུང་རྣམས་ངག་འདོན་དང། བླ་མ་སོ་སོའི་སྐུ་བསྟོད་ཚིགས་བཅད་བརྒྱ་ཚར་རེ་དང། རྒྱས་པ་རྣམས་ལན་རེ་ཐོག་མཐའ་དུ་སྐྱབས་སེམས་བསྔོ་སྨོན་གྱིས་བརྒྱན་པ། ཉེར་ལྔ་ལ་ནཱ་རོ་མཁའ་སྤྱོད་མའི་སྒྲུབ་མཆོད། གནམ་གང་ལ་རྩ་རྒྱུད་བརྟག་གཉིས་གཞུང་འདོན་བཅས་ཆག་མེད་བགྱིས་པ་དང་། གཞུང་རྣམས་ཀྱི་གོ་དོན་ཡང་ཅུང་ཟད་རྟོགས་ཤིང། གཞན་ཡང་བརྒྱུད་འདེབས་དང། བླ་མ་གོང་མའི་སྐུ་བསྟོད་སྒྲོལ་མའི་མཚན་བརྒྱ་སོགས་མཚམས་མཚམས་སུ་འདོན་པ་དང། ཉིན་རེ་བཞིན། ལམ་དུས་རྒྱས་འབྲིང་། བིར་སྲུང་ལམ་ཟབ། ནཱ་རོ་མཁའ་སྤྱོད་བཅས་དཔལ་ས་སྐྱའི་ཐུགས་དམ་ཆག་མེད་རྣམ་བཞིར་གྲགས་པ་དང། གཞན་ཡང་ཚེ་ལྷ་རྣམ་གསུམ། རྗེ་བཙུན་མ་ཀུ་རུ་ཀུ་ལླེ། རྡོ་རྗེ་ཕུར་པ། ཚེ་སྒྲུབ་གུར་བདུན་མ། སྲུང་འཁོར་རྡོ་རྗེའི་བྲག་རྫོང་མ། སློབ་དཔོན་གསོལ་འདེབས་འཕགས་པ་འཇིགས་རྟེན་དབང་ཕྱུག་གི་གཟུངས་བརྒྱ་རེ། བྱང་ཆུབ་ལྟུང་བཤགས་གསུམ་དང། འཇམ་མགོན་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་ཡན་ལག་བདུན་པ་ཚིགས་བཅད་བཞི་བཅུ་ཙམ་སྣང་བ་ངག་འདོན་རིང་ཕྱག་འཚལ།