R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༥
[A:༨༥༥]བཞི་པ། སྐབས་སུ་བབ་པའི་དོན་བཤད་པ། དེ་ནས་རྩ་བའི་ས་བཅད་ལྔ་པ་སྐབས་སུ་བབ་པའི་དོན་བཤད་པ་ནི། གདན་ས་འདི་ཉིད་ཀྱི་ཁུར་འཛིན་མཛད་པོ་གདན་རབས་བཤད་པ་འདི་ལ་ཡང་མདོར་བསྟན་དང་རྒྱས་བཤད་གཉིས་མཛད་པ་ལས། གདན་ས་འདི་ཉིད་ཐོག་མར་འདེབས་མཛད་འཁོན་དཀོན་མཆོག་རྒྱལ་པོ་ནས། འཇམ་མགོན་ཨ་མེས་ཞབས་ཀྱི་གཅེན་པོ་སྐུ་འབྲིང་ཀུན་དགའ་དབང་རྒྱལ་ཡན་ནི་གདུང་རབས་ཆེན་མོར་གསལ་ཞིང་། དེ་མན་གྱི་ཞལ་སྐོང་རྣམས་ས་ཆེན་ཀུན་བློས་མཛད་པའི་གདུང་རབས་རྣམ་ཐར་ཞལ་སྐོང་གི་ཞབས་ནས་ཅུང་ཟད་མཛད་པའི་འཕྲོར་ལུས་པ་ལྟ་བུས་མི་གསལ་བ། དེའི་ཚུལ་རྣམས་བརྗོད་པ་ལ་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། འཇམ་མགོན་ཨ་མེས་ཞབས་དང་བསོད་ནམས་དབང་། །ཀུན་དགའ་བཀྲ་ཤིས་བསོད་ནམས་རིན་ཆེན་དང་། །ས་ཆེན་ཀུན་བློ་འགྲོ་མགོན་དབང་གི་མཚན། །ཡབ་རྗེ་པད་འདུལ་རྡོ་རྗེ་རིན་ཆེན་དང། །ཐེག་ཆེན་དབང་སྡུད་ཀུན་དགའ་བསོད་ནམས་དང་། །ཀུན་སྙིང་འཇམ་དབང་ཀརྨའི་མིང་ཅན་པ། །ཞེས་པའོ། ། གཉིས་པ་དེའི་དོན་རྒྱས་པར་བཤད་པ་ནི། འཇམ་མགོན་ཨ་མེས་ཞབས་