R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༩
[A:༨༥༩]ལྔ་པ། མཇུག་བསྔོ་བའི་ཚིགས་བཅད་དང་མཛད་བྱང། ཕུལ་བྱུང་རྒྱ་མཚོའི་གོས་ཅན་རྒྱ་མཚོའི་མཐའ་ཀླས་ས་ཆེན་འདི་ན་ཆེས་མཐོ་བ། །ཕུལ་བྱུང་རི་བོ་མཆོག་རབ་རི་བདུན་རོལ་མཚོ་གླིང་བཞིར་ཉི་ཟླའི་འོད་སྣང་བཞིན། །ཕུལ་བྱུང་འཛམ་གླིང་བྱང་ཕྱོགས་འཛམ་གླིང་མཁས་གྲུབ་ཡོངས་ཀྱིས་ཆེས་ཆེར་རབ་བསྔགས་པའི། །ཕུལ་བྱུང་མཚན་མཆོག་གསུམ་ལྡན་མཚན་བཟང་ཇི་སྙེད་བྱོན་རྣམས་སྤྱི་བོས་གུས་པས་འདུད། །དེ་ལྟའི་དཔལ་ཡོན་རྣམས་ལ་དབང་བསྒྱུར་བའི། །མཚུངས་བྲལ་ས་སྐྱའི་རྗེ་བཙུན་མཆོག་རྣམས་དང་། །སྔགས་འཆང་ཡབ་སྲས་ཨ་མེས་ཞབས་ལ་སོགས། །ས་ཆེན་ཀུན་བློ་ཡབ་སྲས་ཕྱག་གི་གནས། །རྗེས་འབྲང་བསྟན་འཛིན་ངོར་རྫོང་གོང་དཀར་བ། །