R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༥༨
[A:༨༥༨]བང་མཛོད་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་སྐུ་ཕྲེང་དུ་མར། འཕགས་བོད་ཀྱི་མཁས་གྲུབ་དུ་མར་བསམ་བཞིན་དུ་སྐྱེ་བ་བཞེས་ཏེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་ཅིང། སྐུ་ཚེ་འདི་ཉིད་དུའང་ཤེས་བྱ་རིག་པའི་གནས་ལྔ་སོགས་ལ་བློ་གྲོས་ཀྱི་འཇུག་པ་ཆེས་མཐོ་བས་རྒྱལ་གསུང་མདོ་རྒྱུད་རབ་འབྱམས་རང་དབང་དུ་འགྲེལ་ནུས་པ། དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མཛད་པ། དེའི་ཞལ་སྐོང་ཕྱིས་བྱོན་རྩེ་གདོང་གདུང་བརྒྱུད་དང། གཅུང་པོ་མཐུ་སྟོབས་དབང་ཕྱུག་ཡན་གྱི་གདན་ས་ཆེན་པོ་འདི་ཉིད་ཀྱི་གདུང་རབས་རྣམ་ཐར་ལོ་རྒྱུས་ངོ་མཚར་རིན་ཆེན་འཛད་མེད་སྲིད་ཞིའི་ཡོན་ཏན་ལྷུན་གྲུབ་ཅེས་བྱ་བ། སྐྱེ་རབས་གོང་མ་རྣམས་སུ་རྒྱ་བོད་རྡོ་རྗེ་འཛིན་པའི་གཙུག་རྒྱན་དུ་མར་འཁྲུངས་པས། མཁྱེན་བརྩེ་ནུས་གསུམ་སོགས་ཀྱི་ཡོན་ཏན་གཞལ་དུ་མེད་པ་ལ་དབང་འབྱོར་བ། དཔལ་ས་སྐྱ་པ་ཆེན་པོ་འཇམ་མགོན་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བཅས་ཀྱི་ཞལ་སྐོང་གདུང་རབས་རིན་ཆེན་ཀུན་འཕེལ་སྲིད་ཞིའི་དཔལ་འབྱོར་ལྷུན་གྲུབ་ཞེས་བྱ་བ་ཡོངས་སུ་རྫོགས་པར་བསྟན་ཟིན་ཏོ། །