R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༡
[A:༨༡]ཆོས་གྲགས་ཀྱི་ཡིག་སྟེང་ནས་གསང་སྒྲུབ་ལྷ་ལྔའི་བྱིན་རླབས་བཅས་ལེགས་པར་གསན་ནས། རྒྱབ་རྟེན་ལུང་གི་སྐོར་ལ་རྗེ་ཚར་ཆེན་གྱི་དམར་པོ་སྐོར་གསུམ་གྱི་དཀར་ཆག་དབང་སྡུད་པདྨ་ཌ་ཀི་འེ་བེའུ་བུམ་གནད་ཀྱི་ལྡེ་མིག་བཞིན་གྱི་བཅོམ་ལྡན་འདས་མ་ཀུ་རུ་ཀུ་ལླེ་བེའུ་བུམ་དཀར་ཆག་གི་ཟིན་པ་དང༌། མ་ཟིན་པ་ས་ངོར་ཚར་གསུམ་གྱི་ཕྱིས་བྱོན་དམ་པ་རྣམས་ཀྱིས་མཛད་པ་སོགས་རབ་ཏུ་མང་པོའི་ལུང་གསན། གསེར་ཆོས་དམར་པོ་སྐོར་གསུམ་ལས། གཉིས་པ་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་བཤད་པའི་ལྷ་ཆེན་ཚོགས་ཀྱི་བདག་པོའི་སྐོར་ལ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ཡིག་སྟེང་ནས་ངོར་ལུགས་ཐུན་མོང་མ་ཡིན་པའི་རྗེས་གནང༌། ངག་ཆོས་ཡིག་སྟེང་ནས་ཐུན་མོང་མ་ཡིན་པ་དང་ཁྱད་པར་ས་ཇོ་ལུགས་ཚོགས་བདག་དཀར་པོ་ཕྱག་བཞི་པ། ཚོགས་བདག་ཆགས་པའི་རྡོ་རྗེ་རྣམས་ཀྱི་རྗེས་གནང༌། རྒྱབ་རྟེན་ལུང་ལ་ཚོགས་བདག་གི་བེའུ་བུམ་དཀར་ཆག་གི་ཟིན་པ་དང༌། མ་ཟིན་པ་རབ་ཏུ་མང་བའི་ལུང་བཅས་གསན། གསེར་ཆོས་དམར་པོ་སྐོར་གསུམ་ལས་འདོད་རྒྱལ་སྐོར་ལ་ངོར་ཆེན་རྡོ་རྗེ་འཆང་དཀོན་མཆོག་ལྷུན་གྲུབ་ཡིག་སྟེང་ནས་ཐུན་མོང་མ་ཡིན་པའི་རྗེས་གནང༌། ངག་ཆོས་ཡིག་སྟེང་ནས་གསང་སྔགས་སྒྲའི་རྗེས་གནང་ཡོད་ཀྱང་སྐབས་དེར་མ་གསན། ལུང་ལ་འདོད་རྒྱལ་གྱི་སྒྲུབ་སྐོར་ཚར་ཆེན་གྱི་དཀར་ཆག་གི་ཟིན་པ་དང༌། མ་ཟིན་པ་རྣམས་ཀྱི་ལུང་དཀར་ཆག་ཀུ་རུ་ཀུ་ལླེའི་ཆོས་སྐོར་གསུངས་ཤིང༌། གསན་ཡིག་ཕལ་ཆེར་དུ་གསེར་ཆོས་བཅུ་གསུམ་གྱི་གྲངས་