R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༣
[A:༨༣]རྣམས་ཀྱི་ལས་ཚོགས་ཉེར་ལྔ་སོགས་བཅས། དཔལ་ས་སྐྱའི་ལྕགས་རི་ཕྱི་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་སྟེང་དུ་གཅིག་བསྣན་པས་གསེར་ཆོས་བཅུ་བཞིར་གྲགས་པའི་ཡ་གྱལ། འཇིག་རྟེན་དབང་ཕྱུག་སེངྒེ་སྒྲའི་ངག་སྲུང་གྲོལ་གྱི་མན་ངག་དཀོན་ལྷུན་དང་ཚར་མཛད་རྗེས་གནང་ལུང་བཅས་གསན་ནོ།། བགྲང་ཡས་བསྟན་སྲུང་ཀུན་གྱི་སྡེ་དབོན་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འདི་ནི་དཔལ་ཀྱཻ་རྡོ་རྗེའི་བཤད་རྒྱུད་རྡོ་རྗེའི་གུར་དང༌། མགོན་པོ་མངོན་པར་འབྱུང་བ་སོགས་ནས་དངོས་སུ་བསྟན་ཅིང༌། ལྷ་མོའི་ཁུངས་འཕགས་པའི་ཡུལ་ན་བཞུགས་པའི་གདན་བཞིའི་རྒྱུད་རྒྱས་པ་ལ་སོགས་པ་རྣམས་ནས་གསལ་བར་བསྟན། འགྲེལ་བྱེད་ཀྱི་སློབ་དཔོན་ཀྱང༌། རྒྱ་གར་དུ་བྲམ་ཟེ་མཆོག་སྲེད་ལ་སོགས་པ་པཎ་གྲུབ་དུ་མས་ཐུགས་ཉམས་སུ་བཞེས་ཤིང་དར་ཞིང་རྒྱས་པར་མཛད། བོད་ཡུལ་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་ལོ་ཙཱ་བ་ཆེན་པོ་བཞི་ནས་བརྒྱུད་དེ་བཀའ་བབས། སྙན་བརྒྱུད་ཚད་མ་བཞི་དང་ལྡན་པ་ལ། དང་པོ་དབང་གི་ཆུ་བོ་མ་ནུབ་པ་ལ་གཉིས་ལས། དང་པོ་གུར་མགོན་དབང་ཆེན་རིགས་གོང་ས་གསུམ་པར་ཐར་རྩེ་རྗེས་གསན་པ་ལས་ཟུར་དུ་མ་གསན་ཞིང༌། གཉིས་པ་རྗེས་གནང་གི་བཀའ་མ་ནུབ་པ་ལ། ཐོག་མར་ཀུན་མཁྱེན་བསོད་ནམས་སེངྒེའི་ཡིག་སྟེང་ནས། བཀའ་བབས་དང་པོ་ལམ་འབྲས་མགོན་རྐྱང་གི་རྗེས་གནང་ལུང་བཅས། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་སྒྲུབ་ཐབས་བརྒྱ་རྩའི་