R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༤
[A:༨༤]ཆོག་ཁྲིགས་ནང་བཞིན་དང་རྗེས་གནང་གི་ཡི་གེ་སྒོ་རུམ་པས་མཛད་པའི་སྟེང་ནས་བཀའ་བབས་གཉིས་པ། བ་རི་ལོ་ཙཱ་བའི་ལུགས་ཀྱི་མགོན་རྐྱང་གི་རྗེས་གནང༌། བཀའ་བབས་གསུམ་པ་མལ་ལོ་ཙཱ་བ་ཆེན་པོའི་སྐོར་ལ། མུས་ཆེན་སངས་རྒྱས་རིན་ཆེན་ཡིག་སྟེང་ནས་ལོ་ཆེན་རིན་བཟང་བའི་བཞེད་པ་ཐུན་མོང་བ་ལྕམ་དྲལ་ལྷ་གསུམ་སྦགས་སྒྲུབ་ཀྱི་རྗེས་གནང༌། དབང་ཕྱུག་རབ་བརྟན་གྱི་གཅིག་ཤེས་ཀུན་གྲོལ། རྗེ་ཚར་ཆེན་གྱི་གཏོར་ཆོག་ཕོ་ཉ་མྱུར་འགྱོགས་ཀྱི་ལྷ་བརྒྱད་མཁའ་འགྲོ་ཐུན་མོང་བའི་རྗེས་གནང༌། ཡར་ཀླུངས་བའི་ཡི་གེ་དང༌། ཐར་པཎ་ཡིག་སྟེང་ནས་ལྷ་བཅུ་གཉིས་ཐུན་མོང་བའི་རྗེས་གནང༌། ཚར་ཆེན་གྱི་གཏོར་ཆོག་མྱུར་འགྱོགས་དང༌། མཁྱེན་བརྩེའི་ཐོ་ཡིག་སྟེང་ནས་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་བའི་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་གནང༌། འཇམ་དབྱངས་གྲགས་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་དང༌། མཁྱེན་བརྩེའི་ཞབས་ཀྱི་ཐོ་ཡིག་དབང་རབ་ཀྱི་གཅིག་ཤེས་ཀུན་གྲོལ་རྣམས་ཀྱི་སྟེང་ནས། དུས་གཅིག་ལ་ཆིག་བརྒྱུད་ཁོ་ནར་གནང་བའི་མགོན་པོ་ལྷ་བཅུ་གཉིས་ཐུན་མོང་མ་ཡིན་པའི་རྗེས་གནང༌། དབང་རབ་ཡིག་སྟེང་ནས་གུར་ལྷ་བརྒྱད་སྟེང་དུ་ཟངས་གྲི་ཅན་བསྣན་པའི་ལྷ་དགུའི་རྗེས་གནང་བཀའ་རྒྱ་ཤིན་ཏུ་དམ་པ། རྗེ་ཚར་ཆེན་གྱི་ཐོ་ཡིག་པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡི་གེ་དབང་རབ་ཀྱི་གཅིག་ཤེས་ཀུན་གྲོལ་རྣམས་ལ་རྟེན་མགོན་པོ་ཁྲོ་བཅུ་ཐུན་མོང་མིན་པའི་རྗེས་གནང༌། བཀའ་རྒྱ་ཤིན་ཏུ་དམ་པ། མུས་ཆེན་སངས་རྒྱས་རིན་ཆེན་གྱི་ཡི་གེ་ལྟར་