R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༩༠
[A:༩༠]བཅས་པའི་སྐོར་ལ་དཀར་ཆག་གི་ཟིན་པ་དང༌། མ་ཟིན་པའི་སྐོར་ལ། དང་པོ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཆོས་སྐོར་དཀར་ཆག་གསུང་རྒྱུན་པདྨ་ར་གའི་སྲད་བུར་བརྒྱུས་པའི་ཟབ་དོན་ནོར་བུའི་དོ་ཤལ་བཞིན་ཡོངས་རྫོགས་ཀྱི་ལུང༌། གཉིས་པ་དཀར་ཆག་གི་མ་ཟིན་པའི་རིགས་དང༌། སྙིང་ཐིག་ཧ་ལ་ནག་པོའི་སྐོར་བཅས་ཚང་མ་ཕྱག་ཁྲིད་དུ་གསན་པ་དང༌། བརྒྱུད་རིམ་བཅས་ཞིབ་ཏུ་རྟོགས་འདོད་ན་གསན་ཡིག་ཆེན་མོ་བཞིན་ནོ། །གནོད་སྦྱིན་བེག་རྩེ་འཁོར་མང་དང༌། ལྕམ་སྲིང་གི་རྗེས་གནང་གསན་ནས། བེག་པོད་བཀའ་གཏེར་གཉིས་ལས། དང་པོ་ལ་སྤྱི་དང་བྱེ་བྲག་གཉིས། དང་པོ་ལ། ལོ་རྒྱུས། རྗེས་གནང་རྒྱུད། སྒྲུབ་སྐོར་ཉེར་མཁོ། རུ་ཚོན་གཟུངས་འཛུགས། བསྟོད་བསྒོ། ལས་ཚོགས་དང་བརྒྱད། གཏེར་མ་གནུབས་ཉང་གཉིས་བཅས་བེའུ་བུམ་གྱི་ཚང་མའི་ལུང༌། ཁྱུང་ནག་རྗེས་གནང༌། སྒྲུབ་སྐོར་རྣམས་ཀྱི་ལུང་དུར་བདག་རྗེས་གནང༌། རྒྱུད་གསང་བ་སྙིང་གི་འཁོར་ལོ་སོགས། བཀྲས་སྟོབས་པའི་མཛད་སྐོར་སོགས་བེའུ་བུམ་ཡོངས་རྫོགས་ཀྱི་ལུང༌། དབང་གི་སྒྲོལ་མ་དམར་མོའི་རྗེས་གནང༌། སེང་གདོང་དམར་མོའི་རྗེས་གནང་ལུང་བཅས། རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་ལྷ་མང་གི་རྗེས་གནང་ལུང་དང༌། མཁས་གྲུབ་ཁྱུང་པོའི་བཀའ་སྲུང་མགོན་པོ་ཕྱག་དྲུག་པ་དགོས་བཀའ་བཅུ་གསུམ་གྱི་རྗེས་གནང༌། མགོན་པོ་སྙིང་ཞུགས་ཐུན་མོང་མ་ཡིན་པའི་རྗེས་གནང༌། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང༌། རྒྱབ་རྟེན་ལུང་སྐོར་མཁས་གྲུབ་ངོར་ཆེན་སངས་