[A:༩༡]རྒྱས་ཕུན་ཚོགས་ཕྱོགས་གཅིག་ཏུ་སྒྲུབ་སྐོར་མན་ངག་རྣམས་ཀྱི་ལུང༌། རྨོར་ཆེན་ཡིག་སྟེང་ནས་དམག་ཟོར་མའི་རྗེས་གནང་ལུང་བཅས། ཞྭ་ལུགས་བསྟན་སྲུང་ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་གནང་སྒྲུབ་སྐོར་གྱི་ལུང༌། ལེགས་ལྡན་ནག་པོ་སྟག་ཞོན་ལྷ་ལྔའི་རྗེས་གནང༌ལུང་། བུ་ལུགས་མགོན་པོ་སེང་དམར་གྱི་གཙོ་འཁོར་གཉིས་ཀྱི་རྗེས་གནང་ལུང༌། ཕྱག་རྡོར་ཁང་བརྩེགས་དང༌། ཞང་བློན་རྡོ་རྗེ་བདུད་འདུལ་གྱི་རྗེས་གནང༌། ཚེ་རིང་མཆེད་ལྔའི་རྗེས་གནང་ཡིག་ལུང་བཅས།
མཁས་གྲུབ་ཁྱུང་པོའི་ཟབ་ཆོས་ནི་གུ་ཆོས་དྲུག་གསན་སྐོར་ལ། དང་པོ་སྨིན་བྱེད་ལ་སྒྱུ་ལུས་དབང་མོ་ཆེའམ། རྒྱུད་སྡེ་ལྔ་རྩ་བསྡུས་ཀྱི་དབང༌། ཆོས་དྲུག་དགོས་བཀའ་དྲུག། ཕྱག་ཆེན་བཀའ་ལྔ། གསང་སྒྲུབ་སྐོར་ལྔ། མཁའ་སྤྱོད་སྐོར་གསུམ། མཁའ་འགྲོ་མ་སུ་ཁ་སིདྡྷིའི་བྱིན་རླབས་རྣམས་དང༌། འཇག་ཟམ་རྣམ་གཉིས་ཀྱི་ཁྲིད་ཡིག་སྟེང་ནས་རྩ་བ་ནི་གུ་ཆོས་དྲུག ཡལ་ག་ལམ་ཁྱེར་རྣམ་གསུམ། འབྲས་བུ་ལུས་སེམས་འཆི་མེད། སྡོང་པོ་ཕྱག་ཆེན་གའུ་མའི་ཁྲིད་ཡིག་རྣམས་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་པ་དང༌། གོང་རྣམས་འཆད་ཐབས་ཀྱི་ཡི་གེའི་རིགས་སོགས་དང༌། རྒྱབ་རྟེན་གཞུང་པོད་བཅས་ཀྱི་ལུང་བཀའ་སྲུང་མགོན་དཀར་ཡིད་བཞིན་ནོར་བུ་དང༌། ཕྱག་དྲུག་མགོན་པོ་ལྷ་མང་གི་རྗེས་གནང་བར་ཆད་ཀུན་སེལ་བཅས་གསན་ནོ།།
གཉིས་པ་གསང་སྔགས་སྔ་འགྱུར་སྐོར་ལ། མཉམ་མེད་བསམ་གཏན་