[A:༩༢]གླིང་པའི་ཡང་ཕུར་གཙོ་བོ་གྱུར་པའི་ཨ་ཏི་ཆོས་སྐོར་ཡོངས་རྫོགས་ཀྱི་ལུང༌། གོང་ས་ལྔ་པའི་དཀར་ཆག་བཞིན། རྟ་མགྲིན་ཡང་གསང་ལྷ་དགུའི་དབང་ཆེན། འཆི་མེད་ཚེའི་རྫོགས་ཆུང་གི་དབང༌། གྱི་ལྔ་གཟའ་གདོང་སྲོག་གཏད། རྟ་པོད་ཡོངས་རྫོགས་ཀྱི་ལུང༌། རྟ་མགྲིན་གསང་སྒྲུབ་ཀྱི་བྱིན་རླབས་དང། སྒྲུབ་སྐོར་ཡོངས་སུ་རྫོགས་པའི་ལུང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་མ་ཎི་བཀའ་འབུམ་དུ་གྲགས་པ་གསན་སྐོར་ལ། འདོད་བུམ་ནས་བྱུང་བའི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཕྱག་བཞི་པའི་དབང་ཟབ་ཁྲིད་རྒྱབ་རྟེན་ལུང་ལ། གྲུབ་ཐོབ་དངོས་གྲུབ་གྱི་གཏེར་ཐོན་ཆོས་སྐོར་ཚང་མའི་ལུང༌། ཐུན་མོང་གི་ལས་ཚོགས་དང༌། མངའ་བདག་ཉང་གི་གཏེར་མ་ཞལ་གདམས་རྣམས་དང༌། སྤྲུལ་སྐུ་ཤཱཀྱ་འོད་ཀྱིས་སྤྱན་དྲངས་པའི་སྐོར་རྣམས་ཀྱང་ཞིབ་པར་གསན། ཉང་གཏེར་ཐུགས་རྗེ་ཆེན་པོ་མིག་འབྱེད་གདམས་པའི་ལུང་སོགས་གསན། སྨིན་གླིང་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ཡོངས་རྫོགས། བླ་མ་ཞི་དྲག ཚེ་ལྷ། རྟ་ཕག་བསྟན་སྲུང༌། ནོར་ལྷའི་སྐོར་སོགས་ཚང་མའི་དབང་རྗེས་གནང༌། ཡིག་ལུང་བཅས་གསན། བྱང་གཏེར་ཐུགས་སྒྲུབ་དྲག་པོ་རྩལ་རྒྱས་འབྲིང་གསུམ་དབང་དང་བྱིན་རླབས་ཚེ་དབང་ལྕགས་སྡོང་མ་བཅས་དང༌། རྒྱབ་རྟེན་ལུང་ལ། ཐུགས་སྒྲུབ་ཆོས་ཚན་གྱི་དཀར་ཆག་རྗེ་བློ་བཟང་དོན་གྲུབ་ཀྱིས་མཛད་པ་བཞིན་གྱི་ལུང༌། ཐུགས་སྒྲུབ་རྣམ་གསུམ་ཚེས་བཅུའི་ཆོག་སྒྲིགས་དབང་རབ་ཀྱིས་མཛད་པའི་ལུང༌། ཀུན་བཀྲས་ཀྱི་ཐང་རྒྱལ་ཆོས་སྒྲུབ་ཀྱི་ལུང༌། འཇའ་ཚོན་སྙིང་