R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 20b
[B:20b] ཆགས་ལྷམ། གཞུགས་བཞུགསགདན། གསེར་གྱི་ཁྲི། གདུགས། གསོལ་ཞལ༑ གསོལ་སྡེར་ལ་སོགས་ཚང་མ། རྔ་མོ་དང་ ཆིབས?ཕྱིབས་དྲེལ་གསེར་གྱི་སྒ་འཁོར་ཚང་མ། གཙོ་བོར་དབུས་གཙང་གི་ཁྲི་སྐོར་བཅུ་གསུམ། སྒོས་སུ་གཙང་ཆུ་མིག་གི་ཁྲི་སྐོར་དུ་གང་གཏོགས་ཕྱག་ཕྱིར་ཕུལ། དེ་དུས་ཀྱི་དབུ་ཞྭ་རྩེ་གདོང་པ་ལ་ཡོད།
པར་གྲགས།
དམ་ག་ཤར་པ་དང་། སྒ་འཁོར་ཟུར་ཚོ་བ་ལ་ཡོད་པར་བྱེད་དོ། །ཕྱིས་ལོ་སྟག་ལོ་དེ་ལ་བནྡེ་ཤེད་སྐྱེད་བོད་ཡིག་ཏུ་བྲིས་པ་དང་། དངུལ་བྲེ་ཆེན་ལྔ་བཅུ་རྩ་དྲུག་ཇ་སིག་ཉིས་བརྒྱ། གོས་ཡུག་བརྒྱ་བཅུ་དང་། དར་ཡུག་སྟོང་དང་བརྒྱ་ཕུལ་ལོ། སྟག་ལོ་འདི་ལ་རྒྱ་གར་དུ་རུ་ཀས་བཟུང་ཡོད། མཚམས་ཧོར་དམག་ཁྱེར། དེ་བཞིན་གཤེགས་པའི་ཚེམས་མཆེ་བ་གདན་དྲངས་པར་བྱེད། དེ་བར་འཕགས་པ་རིན་པོ་ཆེས་བྱང་དངོས་སུ་བྱོན། ཆོས་རྗེའི་སྐུ་འབུམ་བཞེངས། འུ་ཡུག་པ་གདན་འདྲེན་ བཏང?གཏང་ནས་མདོ་ཁམས་སུ་བསྙེན་རྫོགས་མཛད་རྩིས་ལ་འུ་ཡུག་པ་གྲོངས། སྙེ་ཐང་པ་གྲགས་སེང་གིས་མཁན་པོ་མཛད། ལས་སློབ་ཇོ་གདན་བྱང་ཐང་པ་བསོད་རྒྱལ། གསང་སྡེ་ཡར་ལུངས་པ་བྱང་རྒྱལ། དད་དགེ་མཁན་པོ་སྒྲོ་དང་གནམ་འཕར་བ་སོགས་ཆོས་རྗེའི་བུ་ཆེན་མང་པོ་བསགས་ནས་དགུང་ལོ་ཉེར་གཅིག་པ་ཤིང་མོ་ཡོས་ལོ་ཟླ་བ་ལྔ་པའི་ཚེས་བཅུ་བཞིའི་ཉིན། རྒྱ་བོད་ཀྱི་མཚམས་ཧེ་ཅེའུ་དང་ཉེ་བའི་སར། རྒྱལ་བའི་བསྟན་པ་ལ་ཞུགས་ལ་ཡོངས་སུ་རྫོགས་པ་དགེ་སློང་གི་
[A:44]སྡོམ་པ་རྣམ་པར་དག་པ་བཞེས་སོ། །དགུང་ལོ་ཉེར་གསུམ་པའི་སྦྲུལ་གྱི་ལོ་ཟླ་བ་བཞི་པའི་ཚེས་བཅུ་གསུམ་གྱི་ནུབ་མོ། ཆོས་རྗེ་མངོན་སུམ་དུ་བྱོན་ནས། ཟབ་རྒྱས་ཀྱི་ཆོས་གསུངས། ལུང་བསྟན། དབུགས་དབྱུང་། བསྟོད་པ་ཡང་མཛད། ཐོས་པ་རྒྱ་མཚོ་མ་ཡང་དེ་དུས་མཛད་པར་བྱེད་དོ། །དེ་ནས་ཧོར་ཡིག་གེ་མེད་པ་ལ་ཡི་གེ་