[B:21a]གསར་བརྩམས། དེའི་ཕུད་ལ་བནྡེ་ཤེད་སྐྱེད་ཐགས་མ་ཕུལ། དབང་ཡོན་བར་མ་ལ་བོད་ཆོལ་ཁ་གསུམ། ཐ་མ་ལ་རྒྱ་ཡི་མི་ཡུགས་ཆེན་མོ་ཕུལ། བོད་ཐམས་ཅད་ས་སྐྱ་པའི་ཆོས་ལུགས་ལས་གཞན་པ་བྱེད་དབང་མེད་པའི་ལུང་འབུད་གསུང་བ་ལ། རང་རང་གི་ཆོས་ལུགས་གང་ཡོད་སྐྱོང་དུ་འཇུག་པ་ཅིས་ཀྱང་དགོས་གསུངས་ནས། ཡོན་མཆོད་གཉིས་ཀའི་འཇ་སགས་ཐམས་ཅད་ལ་རང་རང་གི་ཆོས་ལུགས་ལ་འབད་པ་ཐོན་གསུང་བ་ཤ་སྟག་ཡོད་པས་དབང་སྤུས་ཤིན་ཏུ་བཟང་བ་ཡིན་ནོ། །རྒྱ་ནག་གི་ཆོས་ལུགས་སོགས་པར་སྤྱོད་པའི་ཟིན་ཤིང་སྟོན་པ་བཅུ་བདུན་བསྟན་པ་ལ་ཤིན་ཏུ་སྡང་བར་ཡོད་པ་རྣམས་ནི་རིགས་པ་རྣམ་དག་གིས་བཏུལ་ནས་བསྟན་པ་ལ་བཅུགས་ཏེ༑ རྒྱ། ཧོར། ལྗང་། ཡུ་གུར། མི་ཉག་ལ་སོགས་པའི་སྐལ་ལྡན་སྣོད་དུ་རུང་བ་རྣམས་ལ། རབ་བྱུང་བསྙེན་རྫོགས་ལོ་རེའི་ནང་དུ་སྟོང་ཕྲག་རེ་ཙམ་རང་གིས་གནང་བ་དང་། མཁན་བུ་འདུལ་འཛིན་ཆོས་མགོན་ཞེས་བྱ་བ་སྨན་རྩེའི་ཡུལ་དུ་བརྫངས་ནས། དེས་ཀྱང་རབ་བྱུང་དགུ་བརྒྱ་ཙམ་དང་། རྗེ་ཉིད་ཀྱིས་གནང་བ་སྔ་རྟིང་གྲིལ་བ་ལ་བཞི་སྟོང་བཞི་བརྒྱ་ཉེར་ལྔ་མཛད་དེ། རྒྱ་ནག་གི་རྒྱལ་ཁམས་རབ་བྱུང་གིས་གང་བར་མཛད་དོ། །མཚམས་གཅིག་ཏུ་ཧོར་དང་ས་སྐྱ་པ་འབྲེལ་བའི་སྙན་པ་
[A:45]སྒྲོགས་པ་དང་། འཇའ?འཇ་མོ་འཛུགས་པ་ལ་གོང་མ་ཡོན་མཆོད་ཀྱི་འཇ་སར་འཁྱེར་ནས། ཧོར་གྱི་མི་ཆེན་དྭསྨན་ཞེས་བྱ་བ་ས་སྐྱ་བར་དུ་བརྫངས། འདི་ཧོར་གྱི་གསེར་ཡིག་པ་བོད་ལ་བརྫངས་པའི་ཐོག་མ་ཡིན་ནོ། །དེ་ནས་ དགུང་ལོ་ཉེར་བརྒྱད་པ་ཆུ་ཕོ་ཁྱི་ལ་ཆར་རྐྱེན་མང་དུ་བསྐུར་བ་མཛད་པ་རྣམས་ལ་བརྟེན་ནས། དཔོན་ཆེན་ཤཱཀྱ་བཟང་པོས་དབུ་རྩེ་སྒོ་གསུམ་