R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 22b
[B:22b]ལྷག དངུལ་བྲེ་སྟོང་རྭ་ཅན། གོས་དར་བཞི་ཁྲི་ལ་སོགས་པ་བྱུང་བར་བཤད་དོ། །དེ་ནས་ཞེ་གཉིས་པ་མེ་ཕོ་ཁྱི་ལོ་ལ་ས་སྐྱར་ཕེབས། བོད་ཀྱི་དགེ་བཤེས་སྐྱ་བཙུན་ཐམས་ཅད་ལ། བོད་ཀྱི་དབང་བཤད་ལུང་མན་ངག་ཐམས་ཅད་ང་ལ་ཡོད་པས་ཉན་དུ་ཤོག་ཅེས་བཀའ་གནང་ནས། ཞེ་དྲུག་པའི་བར་ལ་ཆོས་དང་ཟང་ཟིང་གི་ཆར་ཕབ། ཁྱད་པར་གླང་ལོ་ལ་ཆུ་མིག་ཆོས་འཁོར་ཆེན་མོ་ལ་ཞག་བཅོ་ལྔའི་བར་དུ་དགེ་འདུན་འབུམ་ཕྲག་གཅིག་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་མཛད་ཚུལ་བསམ་གྱིས་མི་ཁྱབ། དེ་ལྟར་སྐྱངས་པའི་སློབ་མའི་མཆོག་ཀྱང་ཤར་ནུབ་གུང་གསུམ། ཁང་གཉེན་ཞང་གསུམ། ལ་རུ་བ། གཉེན་ཆེན་པ། སྲུ་ལུང་པ། ལོ་མཆོག དགའ་ལྡན་པ་བཀྲ་ཤིས་དཔལ། ཞང་དཀོན་མཆོག་དཔལ། གསལ་ལ་བ་འདོར་འབུམ། དབུས་པ་སངས་འབུམ་
དམ་པ་ཀུན་དགའ་གྲགས་ལ་
ལ་སོགས་པ་བརྒྱུད་པ་འཛིན་ངེས་ཀྱང་མང་དུ་བྱོན། སྣང་ངོར་བསྟན་པའི་རྟོགས་པའི་ཡོན་ཏན་ཡང་འོད་གསལ་རྒྱུན་མི་འཆད་དུ་ཡོད་པ་དང་། རྣལ་ལམ་དུ་ཡང་གཞན་རྒྱུད་དང་གཞན་གྱི་རྨི་ལམ་གང་རྨི་མཁྱེན་པ་དང་། རྨ་བྱ་ཆེན་མོ་དང་། དཔལ་མགོན་ཀླུ་སྒྲུབ་ལ་སོགས་པ་གཟིགས་སོ། །དེ་ལྟར་དགུང་ལོ་བཅོ་བརྒྱད་པ་ནས་ཞེ་དྲུག་གི་བར་ཉི་ཤུ་རྩ་
[A:48]དགུའི་བར་ལ་གདན་ས་ཆེས་འབྲིང་ཆུང་གསུམ། རྒྱ་བོད་ཀྱི་ཆོས་སྡེ་ཕལ་མོ་ཆེའི་བདག་རྐྱེན་བསྐོ་བཞག་སྐྱོང་དར་ལ་སོགས་པས་ཉིན་མཚན་བཟླས་པར་མཛད་ནས་ཞེ་དྲུག་པ་ལྕགས་ཕོ་འབྲུག་གི་སྨལ་ལོ་ཟླ་བའི་ཉི་ཤུ་གཉིས་ལ་དཀོན་མཆོག་གི་དྲུང་དུ་མཆོད་པ་རྒྱས་པར་གཤོམས་གསུངས་ནས་རྡོ་རྗེ་དཀྱིལ་ཀྲུང་མཛད། རྡོར་དྲིལ་ཐུགས་ཁར་བསྣོལ་བའི་ངང་ནས་
རྨ་བྱ་ཆེན་མོ་དང་། དཔལ་མགོན་ཀླུ་སྒྲུབ་ལ་སོགས་པ་དངོས་སུ་གཟིགས་སོ།
།ངོ་མཚར་གྱི་བལྟས་དུ་མ་དང་བཅས་ཏེ། ལྷ་ཁང་ཆེ་