R94: དཔལ་ལྡན་ས་སྐྱ་པའི་གདུང་རབས་འདོད་དགུའི་རྒྱ་མཚོ།

  • Pagination (Witness B): 27b
[B:27b]དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་བླ་བྲང་བཀྲ་ཤིས་སྐང་གི་གཟིམས་ཁང་དུ་གཤེགས་སོ། །འདི་གསུམ་གྱི་མཆེད་ཟླ་གཅིག་ཆུང་ངུ་ལ་གཤེགས་སོ། །དེ་ལྟར་མཚན་མི་ཐོན་པ་མི་ཐེ་བའི་བདག་ཉིད་ཆེན་པོའི་སྲས་ཡོངས་སུ་གྲགས་པ་དགུ་ནི།སྤྱི་དཔོན་ཏཤྲི་ཀུན་བློ༑ གཞི་ཐོག་པ་མཁས་བཙུན་ནམ་ལེགས་པ་དང་། ནམ་རྒྱལ་བ་གཉིས། ལྷ་ཁང་པ་ཀུན་ལེགས་པ་དང་ཀུན་རྒྱལ་བ་གཉིས། རིན་ཆེན་སྒང་པ་ཀུན་དགའ་ཉི་མ། དོན་ཡོད་རྒྱལ་མཚན་པ། བླ་མ་དམ་པ་སྟེ་གསུམ། དུས་མཆོད་པ་ཀུན་དགའ་ལེགས་པ་སྟེ་དགུའོ། །དེ་རྣམས་ལས་སྲས་ཇི་ལྟར་མཆེད་ཅེ་ན། ཀུན་བློ། ཀུན་དགའ་ལེགས་འབྱུང་། ཀུན་ཉི། བསོད་རྒྱལ་རྣམས་རབ་བྱུང་གཙང་མ་ཡིན་ལ། ཀུན་རྒྱལ་མ་བསྙེན་རྫོགས་མ་མཛད་གོང་དུ་མ་ཅིག་བྱང་པ་མོ་ལ་ལྷ་ཁང་ཆོས་རྒྱལ་བ་
[A:58]དང་༑ ཀུན་སྤངས་པའི་ལྕམ་མོ་ལ་བློ་གྲོས་རྒྱལ་མཚན་པ་གཉིས་འཁྲུངས་པ། གཉིས་ཀ་ལ་ཏ་དབེན་གུ་ཤྲཱིའི་མཚན་དང་ལས་ཁ་བྱུང་། གཞུང་ལུགས་རྣམས་ལ་སྦྱངས། མཁས་པར་མཁྱེན། བུ་སྟོན་གདན་དྲངས་ནས་ལྷ་ཁང་དུ་རྡོར་དབྱིངས་ཀྱི་བློས་བླངས་བཞེངས། གཅེན་ལྕགས་མོ་ལུག་ལོ་བ་ཡིན། དགུང་ལོ་ཉེར་བདུན་པ་ལ་གོང་དུ་བྱོན། ཉེར་བདུན་པ་ས་མོ་ཕག་ལ་རྒྱ་ཡུལ་དུ་གཤེགས། གཅུང་ཆུ་ཕོ་སྤྲེའུ་ལོ་པ་ཡིན། བཞི་ཐོག་གདན་ས་ཡང་མཛད། སོ་བདུན་པ་ས་ཕོ་སྤྲེའུ་ལ་གཤེགས་སོ༑ །ཆོས་རྒྱལ་བས་བསྙེན་རྫོགས་མ་མཛད་གོང་དུ་ཏ་དབེན་བྱང་པའི་ལྕམ་མོ་ལ་སྲས་གཉིས་འཁྲུངས་པ་ནི། Theg chen chos rje Kun dga' bkra shis ཐེག་ཆེན་ཆོས་རྗེ་ཀུན་བཀྲས་པ་དང་། བདག་པོ་བསོད་བཀྲས་པ་སྟེ། སྔ་མ་ས་མོ་གླང་ལ་འཁྲུངས། གཞོན་