[B:28a]ནུ་ནས་མཁས་བཙུན་བཟང་གསུམ་གྱི་སྐྱེས་སྟོབས་ཀྱི་བག་ཆགས་གསལ། སྦྱོར་བྱུང་གི་ནན་ཏན་འགྲུབ། དབྱར་དཔལ་ལྡན་བླ་མ་དམ་པ་ལ་སོགས་པའི་དམ་པ་མང་པོ་གུས་པའི་གཙུག་གིས་བསྟེན། འོད་གསལ་དང་རྣལ་ལམ་ལ་སོགས་པའི་ཐུགས་དམ་བསམ་གྱིས་མི་ཁྱབ་པ་དང་ལྡན། མངོན་ཚན་ཆུང་ཞིང་ས་ཆོད་ཆེ་བའི་ཆ་ལུགས་དང་གནས་དང་གྲོགས་ལ་སོགས་པ་བསྟེན་པས་ཐུགས་རྒྱུད་ལེགས་པར་སྨིན་ནས་དགུང་ལོ་རེ་བཞི་པ་ཆུ་ཕོ་འབྲུག་ལོ་ལ་རྒྱ་ནག་ཏའི་མིང་རྒྱལ་པོས། ཏའི་ཏྭ་བཞིན་དང་ཨ་ནུ་དྲེ་བོས་ལ་སོགས་པ་སྔགས་ཏེ་གདན་དྲངས་གུས་པ་ཆེན་པོས་བླ་མར་ཁུར།
།ཅིང་གྱོ། ཏྭའི་ཆིང་། ཧྭ་ཝི། སྭི་ཐེན། ཤྭང་ཤེན། ཀིཾ་ཀཱཾ། ཏའི་ཀྵོཾ། ཀོང་མི། བ་ཧོ། དེ་བོད་སྐད་དུ་བསྒྱུར་ན། ཕྲིན་ལས་སྣ་ཚོགས་རྒྱས་པ། དམ་ཆོས་མཆོག་ཏུ་རྒྱལ་[A:59]བ། ཡང་དག་པའི་ཡེ་ཤེས། སྙིང་རྗེ་རྒྱ་ཆེན་ཀུན་ནས་རྒྱས་པར་ཕན་པ། ཞིང་བསྲུང་ཞིང་བསྟན་པ་བཤད་པ། ཡང་དག་པར་རིག་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ནུབ་ཀྱི་མཆོག་ཏུ་དགེ་བ། རྡོ་རྗེ་ཀུན་ཁྱབ། འོད་ཟེར་ཆེན་པོའི་སངས་རྒྱས། ཞེས་པའི་མཚན་གསོལ། ཤེལ་དམ་དང་ལུང་བཟང་པོ། གསེར་གྱི་འཁོར་ལོ་རྩིབས་སྟོང་ལ་སོགས་པའི་འབུལ་བའི་རྣམ་གྲངས་བརྗོད་ཀྱིས་མི་ལང་པ་ཕུལ་ཏེ། མདོར་ན་འཕགས་པ་རིན་པོ་ཆེ་དང་འབུལ་བ་མཉམ་པར་གྲགས༑ ཁྱད་པར་ལྷ་ཁང་ཆེན་མོ་ཕག་གྲུ་པའི་ལག་ནས་ནན་གྱིས་བླངས་ཏེ་ཕུལ། ས་སྐྱ་པ་ཆུས་ཁྱེར་གྱིས་སྐྲག?སྐྲནས་ཟིན། རྒྱ་ནག་ཏུ་ལོ་ངོ་གསུམ་བཞུགས་ནས་ཤིང་ཕོ་རྟ་ལོ་ལ་བོད་དུ་ཕེབས། དགུང་ལོ་དོན་བདུན་པ་ཤིང་མོ་སྦྲུལ་ལ་ལྷ་ཆེན་དུ་གཤེགས་སོ༑
།གཅུང་བསོད་བཀྲས་པ་ཐུགས་རབ་གཅེན་ལས་ཆེ།