R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 103
[A:103]པ་བཏབ། འགྲོ་དོན་ལོ་བཅུ་གཉིས་སམ་ཡང་ན་ལོ་བདུན་བསྐྱངས།སེ་སྤྱིལ་བུ་བས་ད་ལྟའི་འཆད་ཁ་འདེབས་པའི་ལུང་བསྟན་མཛད་ནས།ཁོང་རང་བྱང་ངུར་མོར་བྱོན། ཐེག་པ་ཆེན་པོ་མཐར་ཐུག་གི་གདམས་ངག་ཐུགས་ཉམས་སུ་བཞེས། མཐར་ཐུག་གསུམ་གྱི་གདམས་པ་ལ་སོགས་པ་འི་གདམས་ངག་ཀྱང་མཛད། སྐུ་དེ་ཉིད་ཀྱིས་འདུལ་བའི་ཕྲིན་ལས་ཡོངས་སུ་རྫོགས་ནས། ཕྱི་རབས་ཀྱི་གང་ཟག་རྣམས་ལ་ཕན་པའི་དོན་དུ། ཡུལ་དང་གཉེན་བཤེས་རབ་སྤངས་ཏེ། །འཛིན་ཆགས་མེད་པའི་དགེ་རྩ་བྱས། །བཤེས་གཉེན་བཞུགས་པའི་ས་ཕྱོགས་སུ། །ཐོས་བསམ་སྒོམ་གསུམ་དགེ་རྩ་བྱས། །ད་ནི་ཤི་ཡང་མི་འགྱོད་དོ། །ལྷ་རུ་ཉེ་དུ་མ་མཆོད་ཅིང་། །ཧྲུལ་པོའི་གོས་གྱོན་དམན་ས་བཟུང་། །སུ་དང་འགྲོགས་ཀྱང་ཡི་དམ་ཕྱུང་། །གྲགས་པ་མ་བསྒྲུབས་ནོར་མ་བསགས། །ད་ནི་ཤི་ཡང་མི་འགྱོད་དོ། །མི་ཆོས་ལྷ་ཆོས་རིས་ཁྲིད་ཀྱང་། །ཡོན་བདག་ལྷ་བཞིན་མཆོད་པ་དང་། །བན་མོའི་བསྙེན་བཀུར་རྣམས་སྤངས་ཏེ། །དྲང་སྲོང་ཆེན་པོའི་རྣམ་ཐར་སྤྱད། །ད་ནི་ཤི་ཡང་མི་འགྱོད་དོ། །བྱད་བཞིན་ཅན་དང་ནོར་ཅན་ལ། །ཚོགས་སོག་བསྙེན་བཀུར་མ་བྱས་ཤིང་། །འབུན་སྐྱེད་མ་བྱས་ཚོང་མ་བྱས། །མཁར་ལས་མ་བྱས་གཞིས་མ་བཟུང་། །ད་ནི་ཤི་ཡང་མེ་འགྱོད་དོ། །ཞེས་པ་ལ་སོགས་པ་གསུངས། གནས་དེ་ཉིད་དུ་མྱ་ངན་ལས་འདས་སོ། །ཐུགས་ལྗགས་སྤྱན་ལ་སོགས་རྟེན་ཁྱད་པར་ཅན་མང་པོ་བྱོན། འདི་རྣམས་ལ་འཆད་ལུགས་མི་འདྲ་བ་མང་པོ་