[A:104]སྣང་ཞིང་། ཁོང་རང་གིས་མཛད་ཟེར་བའི་གྲུབ་པའི་མཐའ་ཆེན་མོའི་དབུ་ན། གྲུབ་མཐའ་རྩད་ཆོད་པའི་སྐབས་ན་གསལ་གློ། །དེའི་སློབ་མ་སེ་སྤྱིལ་བུ་བ་ནི། འཁྲུངས་ཡུལ་གཉལ་སྟོད་དར་མ་སྒང་། གདུང་རུས་སེ། མཚན་དངོས་ཆོས་ཀྱི་རྒྱལ་མཚན།འདིས་བྱ་འཆད་ཁ་བ་ཆེན་པོ་དང་མཇལ་ནས། ཡུན་རིང་དུ་སྟེན་ཞིང་ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུད། སྔར་འཆད་ཁ་བ་ཆེན་པོས་ལུང་བསྟན་པ་བཞིན། འཆད་བ་གསར་མ་བཏབ།འཆད་ཁ་བ་ཆེན་པོའི་ནང་རྟེན་ལ་སྐུ་ལྡེར་རིན་པོ་ཆེ་དང་ཕྱི་རྟེན་གྱི་མཆོད་རྟེན་ལ་སོགས་པ་རྣམས་བཞེངས། ཀླུང་ཤོད་ལ་བྱོན་ནས་སྤྱིལ་བུའི་དགོན་པ་བཏབ། རྣམ་གཡེང་སྤངས་ནས། སྟོད་དུ་མཁར་གོང་ལ་ཁ། སྨད་དུ་ཉུང་ཞིང་སྒང་དུ་མཚམས་མཐོ་བརྒྱབ་ནས། ལོ་བདུན་གྱི་བར་མཚམས་མི་འདའ་བར་མཛད། ལོ་བདུན་སོང་རྟིང་། བྲག་དཀར་གནས་བརྟན་ལ་སོགས་འཆད་ཁ་རྣམས་ཀྱིས་སྤྱན་དྲངས་ནས། འཆད་ཁར་དགུན་ཆོས་ལ་འབྱོན་པར་ཞལ་གྱིས་བཞེས་ཏེ་བྱོན་པས། དིང་སང་གི་བར་དུ། དབྱར་གྱི་ཚུལ་འཇུག་སྤྱིལ་པོར་མཛད། དགུན་ཆོས་འཆད་ཁར་གསུང་བའི་སྲོལ་དེ་ནས་བྱུང་། དེ་ལྟ་བུ་བླ་མ་དགེ་བའི་བཤེས་གཉེན་དེས་གདུལ་བྱ་དུ་མ་སྨིན་པར་མཛད་ནས་སྤྱིལ་བུར་བདེ་བར་གཤེགས། དུང་གཡས་སུ་འཁྱིལ་བ་ལ་སོགས་པ་རྟེན་ངོ་མཚར་ཅན་མང་དུ་བྱོན། བླ་མ་འདི་ལ་སྲས་ཀྱི་ཐུ་བོ་ལྷ་ཆེན་པོ། རྡོ་སའི་རྣལ་འབྱོར་བྱང་སེང་། རྒྱ་