R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 102
[A:102]བཞུད། ཁོང་རང་གཅིག་པུ་མཆོད་རྟེན་ལ་སྐོར་བ་མཛད་ཅིང་འདུག་པའི་དྲུང་དུ་བྱོན། བློ་སྦྱོང་གི་ཚིག་རྣམས་ཞུས་ནས། འདི་ལམ་དུ་ཆའམ་མི་ཆ་རེས་འགའ་སེམས་ལ་ཕན་པ་ཡང་བྱུང་ཞུས་པས།སྟོན་པ་ཡས་ལ་ཕན་མི་ཕན་གྱི་ཁ་ན་མེད། སངས་རྒྱས་གཅིག་ཐོབ་པར་མི་འདོད་ན་མི་འདོད། འདོད་ཕྱིན་ཆད་ལམ་འདིར་མ་ཞུགས་པར་འཚང་རྒྱ་བ་མི་སྲིད་གསུངས། དེ་ནས་ཐུགས་ཤིན་ཏུ་ཆེས་ཏེ།བྱང་ཆུབ་ཀྱི་སེམས་སྐྱོང་བ་ཁོ་ན་མཛད་ཅིང་། གཞོར་ལོ་གཉིས་ཙམ་ཞིག་བཞུགས། དེ་ནས་དགྱེ་གོང་དུ་ལོ་དྲུག་ཙམ་བཞུགས་ཀྱི་བར་དང་། ཤ་རར་ཡང་བྱོན་ནས་དགེ་བཤེས་ཆེན་པོ་སྟེན། ཇེན་ལས་སོགས་ས་གནས་ངེས་མེད་ལ་བཞུགས། ནང་དུ་ཐུགས་དམ་གྱི་གཙོ་བོ་བློ་སྦྱོང་ལ་མཛད་ཀྱང་། བཀའ་ཤིན་ཏུ་དོག་པས་སུས་ཀྱང་རྩད་མ་ཆོད། ཕྱིས་འགྲེ་ཕུར་བཞུགས་པའི་རིང་ལ། ཆོས་འདི་ཚོགས་ཆོས་བཤད་པའི་འོས་མིན། བཏུབ་པ་འགའ་ལ་ལྐོག་ཏུ་བྱེད་བསམ་པ་ཡིན་ཏེ། སུ་ལ་ཡོང་དང་མི་ཡོང་ངོ་མི་ཤེས་པ་འདུག ཉེ་གནས་ཁྱོད་ལ་མར་ཡོད་ན། ནང་པར་སྒོམ་ཆེན་པ་རྣམས་པ་ཤོར་འདྲེན་ཞིག་གྱིས་ངའི་ཆོས་འདི་ལ་མིང་གཅིག་འདོགས་པའི་མིང་སྟོན་བྱེད་པ་ཡིན་གསུངས་ནས། དེའི་དུས་སུ་དོན་བདུན་གྱི་ས་བཅད་མཛད་ནས་ཡི་གེར་བཏབ་པས་དོན་བདུན་མར་གྲགས། དེ་རེས་འགྲེ་ཕུ་སྒོམ་ཆེན་སྡིངས་སུ་ཚོགས་ཆོས་སུ་གསུངས། ཚོགས་ཆོས་བྱེད་པའི་སྲོལ་དེ་ནས་བྱུང་། དེའི་རྗེས་སུ་མལ་གྲོར་བྱོན་ནས་འཆད་ཁ་བ་རྙིང་མའི་དགོན་