[A:106]དང་མཇལ། གྲྭ་པ་ཐམས་ཅད་ལོག་ནས་སྤྱིལ་བུ་གཅིག་བརྩིགས།དགུང་ལོ་ཉི་ཤུ་རྩ་བཞི་ལོན་པའི་དུས་སུ། སློབ་དཔོན་སེའི་གསུང་ནས་དགེ་སློང་གྱིས་གསུང་བས། རྒྱ་སར་སྒང་ནས་མཁན་པོ་གླན་གདན་དྲངས་ནས་མཁན་པོ་ཞུས། སློབ་དཔོན་ཞང་གིས་ལས་ཆོག་པ་མཛད། སྙགས་ཀྱིས་གསང་ཏེ་མཛད་ནས་བསྙེན་པར་རྗོགས་སོ།།ཁ་ཆེ་པཎ་ཆེན་ལ་སོགས་པའི་བླ་མ་མང་དུ་བསྟེན། དགེ་བཤེས་སེ་སྤྱིལ་བུ་བ་མྱ་ངན་ལས་འདས་ནས་བསྟན་པའི་མངའ་བདག་ལོ་མང་དུ་མཛད། ལུང་རིགས་དུ་མ་ལ་དབང་སྒྱུར་ཞིང་། བཀའ་འགྱུར་རོ་འཚལ་གྱི་ལུང་བཞུགས་པས། ལྷ་ལུང་གི་དབང་ཕྱུག་ཞེས་གྲགས།ཏུག་པར་སྐུ་མཚམས་བཅད་པའི་དུས་སུ་སྨན་ལྷའི་ལྷ་ཚོགས་ཞལ་གཟིགས། ལྷ་སར་བྱོན་དུས་ཇོ་པོ་ཐུགས་ཀ་ནས་འོད་འཕྲོས། སློབ་དཔོན་གྱི་ཐུགས་ཁར་ཐིམ་པའི་སྣང་བ་བྱུང་། ཡང་ཁྱད་པར་དུ་སྤྱན་རས་གཟིགས་དཔལ་མོའི་ལུགས་དེ་དུས་ངེས་པ་མེད་པར་ནམ་འདོད་འདོད་དུ་ཞལ་གཟིགས་སྐད། ད་ལྟ་ལྷ་ཁུ་དབོན་གྱི་ཐང་ཀ་ཞལ་སྤྲོད་འབྲི་བའི་དུས་སུ་བཅུ་གཅིག་ཞལ་འབྲི་བའི་རྒྱུ་མཚན་དེ་ཡིན་ནོ།།རྒྱས་པར་རྣམ་ཐར་ལས་ཤེས་པར་བྱ་ཞིང་། ཆུ་ཕོ་འབྲུག་གི་ལོ་བདུན་ཅུ་རྩ་ལྔ་ལ་འཆད་ཁར་བདེ་བར་གཤེགས། ལྷ་འགྲོ་བའི་མགོན་ནི་ཡབ་ཇོ་འབག་དང་ཡུམ་ལྷ་འབྲི་སྒང་བའི་ལྕམ་མོ་གཅིག་འཛམ་གླིང་བྱ་བ་ཡིན། དགུང་ལོ་དྲུག་ལོན་པའི་དུས། སྐོར་འདུལ་བ་འཛིན་པ་ཆེན་པོ་ལ་བསྙེན་གནས་ཀྱི་སྡོམ་པ་ནོས། དེའི་མདོ་ལ་སྐྱོར་མོ་ལུང་