R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 114
[A:114]བྱོན་ནས་ཐུགས་དམ་ལ་བཞུགས། དེར་སྐུ་གཤེགས་པས་ཆོས་ལུང་སྐུ་གཤེགས་སུ་གྲགས་པ་ཡིན་ཅིང་། སྣར་ཐང་དུ་དགེ་བའི་བཤེས་གཉེན་བྱོན་པའི་ཐོག་མ་འདི་ཡིན་ནོ། །རྡོ་སྟོན་ཤེས་རབ་གྲགས་ཀྱིས་གདན་ས་ལོ་ཉི་ཤུ་ཐམ་པ་མཛད། མཁན་པོ་འདི་ལ་ལྡིང་དཀར་སྐུ་གཤེགས་སུ་གྲགས། དེའི་རྗེས་སུ་ཞང་བཙུན་རྡོ་རྗེ་འོད་ཀྱིས་གདན་ས་ལོ་བརྒྱད་མཛད། དེའི་རྗེས་སུ་དཔལ་ལྡན་བྲོས་སུམ་ཅུ་སོ་དགུ་མཛད། གདུང་རུས་གྲོ། མཚན་དངོས་བདུད་རྩི་གྲགས།འཁྲུངས་ས་ནི་ཆུ་སྒོ་བ་ཡིན་པ་འདིས་སངས་རྒྱས་སུམ་བརྒྱ་རྩ་ལྔ།རྗེ་བཙུན་མ་སྒྲོལ་མ། གནས་བརྟན་བཅུ་དྲུག་ལ་སོགས་པའི་ཞལ་གཟིགས། སངས་རྒྱས་སྟོང་གི་ཡ་གྱལ་དུ་གྲགས། འདིའི་རིང་ལ་དབུ་རྩེ་རྙིང་མ་བཞེངས། དེའི་རྗེས་སུ་ཞང་སྟོན་ཆོས་ཀྱི་བླ་མས་གདན་ས་ལོ་བཅུ་མཛད། གདུང་རུས་ཞང་། འཁྲུངས་ས་སྒོ་ལྔའི་རྒྱ་ཆུང་དུ་འཁྲུངས་ཟེར། དེའི་རྗེས་སུ་སངས་རྒྱས་སྒོམ་པས་གདན་ས་ལོ་བཅུ་མཛད། མཁན་ཆེན་འདིའི་གདུང་རུས་སྐྱོ། མཚན་དངོས་སེང་གེ་སྐྱབས། འཁྲུངས་ས་ལྕགས་ཀྱི་སྐྱོ་ལུང་ཡིན་ཟེར།འདིའི་རིང་ལ་གཉལ་ཞིག་གི་སློབ་མ་སྐྱེལ་ནག་གྲགས་སེང་སྤྱན་དྲངས་ཏེ་མཚན་ཉིད་ཀྱི་གྲྭ་པ་བཙུགས། བྱང་ཆེན་བཏབ་པོ། །དེའི་རྗེས་སུ་མཆིམས་ནམ་མཁའ་གྲགས་ཀྱིས་གདན་ས་ལོ་སུམ་ཅུ་རྩ་དྲུག་མཛད།གདུང་རུས་མཆིམས། འཁྲུངས་ས་ཉང་སྟོད་སྨོན་འགྲོའི་ཕུ་ཁའུ་བྱ་བར་སྐུ་འཁྲུངས་པ་ཡིན་ཟེར། གནས་བརྟན་བཅུ་དྲུག་གི་ཡ་རྒྱལ་ kun: =གྱལ དུ་