[A:115]གྲགས། བླ་མ་འགྲོ་མགོན་ཆོས་ཀྱི་རྒྱལ་པོའི་བླ་མ་ཡིན། འགའ་ཞིག་དབུ་རྩེ་རྙིང་མ་འདིའི་རིང་ལ་བཞེངས་པ་བཞེད་པར་གདའ།དེའི་རྗེས་སུ་སྐྱོ་སྟོན་བར་གྲགས་པས་གདན་ས་ལོ་བཅོ་ལྔ་མཛད།མཁན་ཆེན་འདི་གཡས་རུ་བྱང་གི་ཡུལ་དུ་བོན་པོའི་རིས་སུ་སྐུ་འཁྲུང་ས་པ་ལས་རབ་ཏུ་བྱུང་བ། གདུང་རུས་སྐྱོ། མཚན་དངོས་སྨོན་ལམ་ཚུལ་ཁྲིམས་ཟེར་བ་དེས་སྣར་ཐང་གི་གཙུག་ལག་ཁང་ཆེན་མོ་དང་ལྕགས་རི་ཆེན་མོ་བཞེངས། ཕྱག་ན་རྡོ་རྗེའི་གྲུབ་ཐོབ་དུ་གྲགས་སོ།།དེའི་རྗེས་སུ་ཆོས་རྗེ་ཉི་མས་གདན་ས་ལོ་བདུན་མཛད། མཁན་ཆེན་འདིའི་གདུང་རུས་རམ། མཚན་དངོས་ཉི་མ་རྒྱལ་མཚན། སྣར་ཐང་གི་ཕུའི་སྟེང་དཀར་མི་ཀ་ར་རིར་སྐུ་འཁྲུངས་པ་ཡིན་ཟེར། མཁན་ཆེན་འདིའི་རིང་ལ་སྟག་བརྒྱད་བསྐོས། ཆོས་ཁྲིམས་དར་བར་མཛད།དེའི་རྗེས་སུ་མཁན་ཆེན་འདུལ་བ་འཛིན་པས་གདན་ས་ལོ་བཅུ་གཉིས་མཛད་། གདུང་རུས་ཟེའུ། མཚན་དངོས་གྲགས་པ་བརྩོན་འགྲུས།ཉང་སྟོད་ཀྱི་ཆུ་མིག་ལུང་བྱ་བར་སྐུ་འཁྲུངས་པ་ཡིན་ཟེར། གདན་མ་མཛད་གོང་དུ་རྒྱ་ཡུལ་དུ་བྱོན། སེ་ཆེན་དང་། ཡོལ་ཇ་དུ་རྒྱལ་པོའི་བླ་མཆོད་མཛད། བསྟན་པ་དང་། སྣར་ཐང་གི་གྲྭ་པ་ལ་ཕན་ཐོགས་ཆེར་མཛད། དེའི་རྗེས་སུ་ཁོང་རང་གི་གཅུང་པོ་མཁན་ཆེན་གྲགས་ཤེས་གདན་ས་ལོ་བཅུ་གཉིས་མཛད། དེའི་རྗེས་སུ་མཁན་ཆེན་བློ་བཟང་གྲགས་པས་ཚོགས་པ་ལོ་བཞི་བཅུའི་བར་དུ་བསྐྱངས།བསྟན་པའི་བྱ་བ་རྒྱ་ཆེར་མཛད། ཁྱད་པར་དགོན་པར་ཤ་ཁྲིམས་